འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དམག་དོན་སློབ་གྲྭར་སློབ་མ་བསྡུ་བའི་ཡིག་ཆ་བཀྲམས།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་18ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་ཀྲུང་དབྱང་དམག་ཨུའི་གཞུང་དོན་ཐིང་གིས་《དམག་དོན་སློབ་གྲྭར་སློབ་མ་བསྡུ་བའི་ལས་དོན་བྱེད་ཐབས་》པར་འགྲེམས་བྱས་ནས། 2024ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 
    《བྱེད་ཐབས་》ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཐོག དམག་གྲབས་དང་དམག་འཐབ་ལ་དམིགས་པ་དང་། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་གཞི་རྩའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། དམག་མིའི་རིག་གནས་ཆུ་ཚད་དང་ཤེས་ལྡན་མི་སྣར་འགྱུར་བའི་དགོས་མཁོའི་འགྱུར་ལྡོག་གསར་པར་རྩེ་གཅིག་ཏུ་དམིགས་ཏེ། གནས་བབ་གསར་པ་དང་སྒྲིག་སྲོལ་གསར་པའི་འོག་དམག་དོན་སློབ་གྲྭར་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ཆ་རྐྱེན་དང་། མིང་ཐོ་འགོད་རིམ། གཟུགས་པོར་བརྟག་དཔྱད། རྒྱུགས་ལེན་རྩ་འཛུགས། སྐར་སྣོན་སྲིད་ཇུས། བསྡུ་ལེན་བྱེད་པ། སློབ་ཞུགས་བསྐྱར་ཞིབ་སོགས་ཀྱི་ནང་དོན་ཚན་རིག་དང་མཐུན་པར་ཚད་ལྡན་བཟོས་ཡོད། 
     《བྱེད་ཐབས》དེར་ཁྱོན་ལེའུ་11དང་དོན་ཚན་62ཡོད་པ་དང་། དམག་གྲབས་ལ་ཞབས་ཞུ་དང་གཞི་རིམ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཕྱོགས་ཡོངས་ནས་དཔྱད་ཞིབ་དང་ཕྱོགས་བསྡུས་གདེང་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་། དམག་དོན་བྱང་ཚད་ཀྱི་དཔྱད་ཞིབ་བསྡུར་ཚད་ཆེ་རུ་བཏང་བ་དང་དམག་དོན་སྦྱོང་བརྡར་གྱི་སྣེ་ཁྲིད་ཁ་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་། དམག་དཔོན་དང་དམག་དཔུང་གི་ལས་རིགས་ལག་རྩལ་སློབ་གསོའི་སློབ་བསྡུའི་མཉམ་སྡེབ་རྩ་འཛུགས་ལག་བསྟར་བྱས་ཏེ། དམག་མི་ཕུལ་དུ་བྱུང་བ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། བྱས་རྗེས་བཞག་པར་བྱ་དགའ་སྤྲོད་པ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མར་སྐར་མ་སྣོན་པའི་རྣམ་གྲངས་ཞིབ་ཚགས་སུ་བཏང་སྟེ། རྒྱ་ཆེའི་དམག་མི་རྣམས་བློ་བདེའི་ངང་དམག་ཞབས་ཞུ་བ་དང་སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་བརྩོན་ལེན་བྱ་རྒྱུའི་སྐུལ་ལྕག་གཏོང་རྒྱུ། དམིགས་བསལ་གནས་ཚུལ་འོག་རྒྱུགས་ལེན་སྒྲིག་འཛུགས་བྱ་ཐབས་ཁ་གསལ་བཟོ་བ་དང་། རྒྱུགས་ལེན་གྱི་སྦྱངས་འབྲས་དང་གཟུགས་པོར་བསྐྱར་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུགས་སྤྲོད་སློབ་མའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། རྒྱུགས་ལེན་པ་དང་བསྡུ་ལེན་སོགས་ཀྱི་ལྷུ་ཚིགས་གཙོ་བོ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ཡོངས་བསྒྲགས་དང་དར་སྲོལ་ལ་ལྟ་སྐུལ་དོ་དམ་བྱེད་ཐབས་ནན་དུ་བཏང་ནས། ཡོངས་བསྒྲགས་ངང་སློབ་མ་བསྡུ་བ་དང་སྤྱོད་གཙང་ངང་སློབ་མ་བསྡུ་བར་ཁག་ཐེག་བྱེད་དགོས།