འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཡི་རང་བྱུང་གྲོང་ཚོའི་ཚོགས་ཆུང་ལ་ཨར་འདམ་ལམ་བཏིང་ཚད་90%ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་18ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་16ཉིན་འཚོགས་པའི་2024ལོའི་ཀན་སུའུ་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར། ཀན་སུའུ་ཞིང་ཆེན་གྱི་རང་བྱུང་གྲོང་ཚོའི་ཚོགས་ཆུང་ལ་ཨར་འདམ་ལམ་སྤྱི་ལེ་10176བཏིང་ནས་རང་བྱུང་གྲོང་ཚོའི་ཚོགས་ཆུང་4013ལ་ཨར་འདམ་ལམ་ཤར་གཏོང་ཐུབ་སྟེ་ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོའི་ཚོགས་ཆུང་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་90%ཟིན་གྱི་ཡོད་པ་རེད།
   ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ནུས་ལྡན་བྱ་ཆེད། ཀན་སུའུ་ཞིང་ཆེན་གྱིས་ལོ་གསུམ་བསྟུད་མར“རང་བྱུང་གྲོང་ཚོའི་ཚོགས་ཆུང་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པར་བྱེད་པ”དེ་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ནང་བཅུག་ནས་ལོ་ལྟར་ལམ་ཐག་སྤྱི་ལེ་ཁྲི་1ཡན་བསྐྲུན་ཡོད། དེ་དང་ཆབས་ཅིག ཀན་སུའུ་ཡི“རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི”དམིགས་ཚད་ལ་མགྱོགས་མྱུར་སྐུལ་འདེད་ཐུབ་པས། 2023ལོར་རྫོང་8ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་རྫོང་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚད་93%ཟིན་གྱི་ཡོད་པ་རེད།