འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་2431མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་18ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་བརྡ་ཐོ་བཀྲམ་ནས། སློབ་གྲྭ་འབྲིང་ཆུང་2431རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭར་གཏན་འཁེལ་བྱས་ཡོད། དེ་ནི་སློབ་གྲྭ་2687གཏན་འཁེལ་ཡོངས་བསྒྲགས་བྱས་ཚུན། སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་སླར་ཡང་མང་དུ་བཏང་བ་ཞིག་རེད།
   དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གཞོན་ནུ་ལོ་ཆུང་སློབ་མའི་རྒྱལ་སྲུང་བྱང་ཚད་མཐོ་རུ་དང་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་ཏན་ཏིག་གཏོང་ཆེད། 2021ལོར་སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས《སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ་འཛུགས་གཏོད་བྱེད་སྒོ་སྔར་བས་ཡག་པོ་སྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2023ལོའི་ཟླ་2པར་དཔེ་སྟོན་སློབ་གྲྭ་2687གི་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཟླ་7པར་འཛུགས་གཏོད་ལས་དོན་གསར་པ་ཁག་གཅིག་སྤེལ་འགོ་ཚུགས་ཡོད། འཛུགས་གཏོད་ལས་དོན་སྤེལ་ཚུན། སློབ་གྲྭས་ཡིག་ཐོག་སྙན་ཞུ་འབུལ་བ་དང་། རྫོང(གྲོང་ཁྱེར། ཆུས)གིས་རྟོག་ཞིབ། ས་གནས་རིམ་པའི་གྲོང་ཁྱེར་གྱིས་ཐོག་མའི་ཞིབ་བཤེར། ཞིང་ཆེན་རིམ་པས་དཔྱད་ཞིབ། སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་སྒྲིག་འཛུགས་ཁས་ལེན་བཅས་བྱས་ཏེ། སློབ་གྲྭ་2431སློབ་གྲྭ་འབྲིང་ཆུང་གི་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭར་འཛུགས་གཏོད་བྱས་པ་དེའི་ནང་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ་སོགས་རིགས་ཁག་གི་གཞུང་བཙུགས་དང་དམངས་བཙུགས་སློབ་གྲྭ་ཚུད་ཡོད།