འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཏེན་མག་གི་རྒྱལ་པོ་ཧྥེ་ཐེ་ལེ་ཁྲི་ཐོག་བཅུ་པ་སྲིད་ཁྲིར་
མངའ་གསོལ་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་17ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེན་མག་གི་གསར་དུ་ཁྲི་གསོལ་བའི་རྒྱལ་པོ་ཧྥེ་ཐེ་ལེ་ཁྲི་ཐོག་བཅུ་པར་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཧྥེ་ཐེ་ལེ་ཁྲི་ཐོག་བཅུ་པ་སྲིད་ཁྲིར་མངའ་གསོལ་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ནས་ལོ་74སོང་རིང་། ཀྲུང་གོ་དང་ཏེན་མག་གི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་མི་དམངས་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་ཏེན་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱལ་པོ་ཧྥེ་ཐེ་ལེ་ཁྲི་ཐོག་བཅུ་པ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་ཏེན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
   དེ་ཉིན་ཞི་ཅིན་ཕིང་གིས་ད་དུང་ཁྲི་ལས་བབས་པའི་ཏེན་མག་གི་རྒྱལ་མོ་ཟུར་པ་མཱ་ཀེ་ལི་ཐེ་ཁྲི་ཐོག་གཉིས་པར་གློག་འཕྲིན་བཏང་ནས་འཚམས་འདྲི་དང་སྨོན་འདུན་ཞུས་གནང་བ་རེད།