འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་མཉམ་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་17ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་དེ་ཉིན་ཞིབ་དཔྱད་ཚད་ལེན་མེ་འཁོར་ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་ཐའེ་ཧུའུ་མཚེའུ་ཡི་ཟམ་ཆེན་ནས་སྐྱོད་བཞིན་པ།
འདི་ནི་དེ་ཉིན་ཞིབ་དཔྱད་ཚད་ལེན་མེ་འཁོར་ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་ཐའེ་ཧུའུ་མཚེའུ་ཡི་ཟམ་ཆེན་ནས་སྐྱོད་བཞིན་པ།
   ཟླ་1ཚེས་15ཉིན། ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་མཉམ་སྒྲིག་ཚོད་ལྟ་དངོས་སུ་བྱེད་འགོ་ཚུགས་ནས་ལམ་ཐིག་ཧྲིལ་པོ་ཤར་གཏོང་གཉེར་སྐྱོང་བྱེད་མཇུག་འགྲིལ་གྲབས་ཡོད་པ་རེད། ཁྲེ་ཧོང་མྱུར་བགྲོད་ལྕགས་ལམ་གྱི་འགོ་ཨན་ཧུའེ་ཁྲེ་ཀྲོའུ་བབས་ཚུགས་ནས་མཇུག་ཨན་ཧུའེ་ཧོང་ཧྲན་དབྱི་རྫོང་གི་བབས་ཚུགས་ཤར་མ་བར་ཡིན་ཞིང་། ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཨན་ཧུའེ་ལྷོ་རྒྱུད་ས་ཁུལ་གྱི་རི་བོ་ཅིའུ་ཧྭ་ཧྲན་དང་། རི་བོ་ཧོང་ཧྲན། ཐའེ་ཕིང་མཚེའུ་སོགས་མཛེས་ལྗོངས་ཁུལ་གཙོ་བོ་ཕན་ཚུན་སྦྲེལ་བའི་ཡུལ་སྐོར་ལམ་ཐིག་གཙོ་བོར་འགྱུར་རྒྱུ་རེད།