འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུ་ཤུའི་མ་རྐང་གི་རིན་གོང་ཐེངས་གསུམ་ལ་མར་ཆག་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་16ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཝེ་རོན་ཀུ་ཤུ་རྟགས་ཅན་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་རིན་ཐང་མཐོ་ཤོས་ཀྱི་གོ་ས་བཟུང་། 
མ་རྐང་གི་ཐད་ནས་བརྗོད་ན། ཀུ་ཤུ་སྔོན་ཚོང་བྱེད་གྲབས་ཡོད་པའི“བར་སྟོང་རྩིས་རྒྱག་པའི་དུས་རབས”ཀྱི་ཐོན་རྫས་གསར་པའི་Vision Proཡི་སྐབས་འདིར། མ་རྐང་གི་དཔྱད་བསྡུར་རིམ་པ་སླར་ཡང་མར་ཆག་ཡོད། 
   Redburn Atlecདངུལ་འཛིན་ཀུང་སིའི་དབྱེ་ཞིབ་མཁས་ཅན་གྱིས། འབྱུང་འགྱུར་ལོ་ཁ་ཤས་ནང་ཀུ་ཤུ་ཀུང་སིའི་མ་རྐང་རིན་གོང་འཕར་བའི་བར་སྟོང་དེ་ཧ་ཅང་ཚད་ཡོད་པར་བརྟེན། ཀུ་ཤུའི་མ་རྐང་འཛིན་ཤོག་དཔྱད་བསྡུར་རིམ་པ་དེ“ཉོ་བ”ནས“བར་གཤིས”བར་དམའ་རུ་བཏང་ཡོད། དེ་ནི་ལོ་གསར་ཚུན་དུ་ཀུ་ཤུའི་མ་རྐང་འཛིན་ཤོག་གི་དཔྱད་བསྡུར་རིམ་པ་དམའ་རུ་བཏང་བ་ཐེངས་གསུམ་པ་ཡིན་པའི་ངོས་འཛིན་བྱས་པ་རེད། དེ་དང་ཆབས་ཅིག་འགྲུབ་ཚུལ་མིས་བཟོས་རིག་ནུས་ལག་རྩལ་ཁྱབ་ཁོངས་སུ་མ་དངུལ་འཇོག་ཤུགས་ཆེན་པོ་དང་འཛད་སྤྱོད་ཀྱི་མཇུག་སྣེ་ཐད་གནད་དུ་སྨིན་པའི་ཐོན་རྫས་བཏོན་པས་ཝེ་རོན་གྱི་མ་རྐང་རིན་གོང་ཡང་ཡང་ཇེ་མཐོར་སོང་སྟེ། གཟའ་འཁོར་གོང་མའི་གཟའ་པ་སངས་ལ་མཇུག་སྒྲིལ་དུས་སུ། དེའི་ཁྲོམ་རའི་རིན་ཐང་ཀུ་ཤུ་ལས་བརྒལ་ཏེ་གོ་ལ་ཧྲིལ་པོའི་ཁྲོམ་རའི་རིན་ཐང་མཐོ་ཤོས་ཀྱི་ཁྲོམ་ཞུགས་ཀུང་སི་དེ་རུ་ཆགས།