འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་ཞུ་གཏུག་མ་བརྒྱབ་གོང་ནས་འདུམ་འགྲིག་ཐུབ་པའི་
གྱོད་གཞི་ཁྲི་1204ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་16ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཚེས་14ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་མཐོ་རིམ་ཁྲིམས་ཁང་གི་ཡོན་ཀྲང་གི་ཚོགས་འདུ་ནས་གསར་འགོད་པས་ཤེས་རྟོགས་བྱས་པར། 2023ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་ཞུ་གཏུག་མ་བརྒྱབ་གོང་ནས་འདུམ་འགྲིག་ཐུབ་པའི་གྱོད་གཞི་ཁྲི་1204ཟིན་ནས་ཁྲིམས་ཁང་གི་དམངས་དོན་སྲིད་འཛིན་གྱོད་གཞིའི་སྤྱི་འབོར་གྱི་40.3%བཟུང་ཡོད། 2018ལོ་ཚུན་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པར་སྐྱེལ་བའི་རྩོད་གཞི་ཁྲི་3314འདྲི་གཅོད་མ་བྱས་གོང་ནས་འདུམ་འགྲིག་ཐུབ་ཡོད།
   ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་འདི་ལྟར་བྱེད་པ་སྟེ། མི་དམངས་ཁྲིམས་ཁང་དང་ལྷག་པར་དུ་གཞི་རིམ་ཁྲིམས་ཁང་གིས་གྱོད་གཞི་ཐོན་ལ་ཉེ་བའམ་མ་ཐོན་གོང་ནས་སྔོན་འགོག་དང་དམ་འཛིན་བྱེད་པར་ད་དུང་ཧེ་བག་ངེས་ཅན་ལྡན་པ་དང་། འགལ་ཟླ་དང་རྩོད་གཞི་ཁྲིམས་ཁང་ལ་གཏུག་རྗེས་སླར་ཡང“བར་བསྒྱུར”དང“མངགས་བཅོལ”འདུམ་འགྲིག་བྱེད་དགོས་ཀྱི་ཡོད། མིག་སྔར་ད་དུང་འགལ་ཟླ་འདུམ་འགྲིག་གི་མཉམ་ཤུགས་མི་འདང་བ་དང་གྱོད་གཞི་ཁྲིམས་ཁང་དུ་གཏུག་པར་ཡོང་བར་སྣང་ཆེན་བྱེད་པ་ལས་གྱོད་ཐག་གཅོད་པར་སྣང་ཆུང་བྱེད་པ། ལས་རིགས་དང་ཆེད་ལས་རིགས་ཀྱི་རྩོད་གཞི་འདུམ་འགྲིག་གི་བར་མཐོངས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ། འགལ་ཟླ་འདུམ་འགྲིག་ལས་སྟེགས་ཀྱི་ནུས་པ་ད་དུང་དེ་བས་ཤུགས་ཆེན་འདོན་དགོས་པ་སོགས་ཀྱི་གནད་དོན་ཡོད་པ་རེད།
   ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གྲངས་གཞི་ལས་མངོན་པར། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁྲིམས་ཁང་གི་ཆེད་མངགས་འདུམ་འགྲིག་ལ་གདན་དྲངས་པའི་མི་དམངས་འདུམ་འགྲིག་པ་མི་རེས་ཆ་སྙོམས་ཞུ་གཏུག་མ་བྱས་གོང་ནས་འདུམ་འགྲིག་ལེགས་གྲུབ་ཐུབ་ཚད་གྱོད་གཞི་75ཟིན་པ་དང་། ཁྲིམས་རྩོད་པ་མི་རེས་ཆ་སྙོམས་ཞུ་གཏུག་མ་བྱས་གོང་ནས་འདུམ་འགྲིག་བྱེད་ཚད་གྱོད་གཞི་30ཟིན་པ་དེ་2022ལོའི་མི་དམངས་འདུམ་འགྲིག་པས་གྱོད་གཞི་རྩིས་བླངས་ནས་མི་རེའི་ཆ་སྙོམས་འདུམ་འགྲིག་བྱས་པའི་གྱོད་གཞི་2.81ལས་ཧ་ཅང་མང་བ་ཡོད། 2023ལོའི་ཟླ་1ནས་ཟླ་11བར་ཁྲིམས་ཁང་གིས་ཞུ་གཏུག་མ་བརྒྱབ་གོང་ནས་རྩོད་གཞི་ཁྲི་163.97འདུམ་འགྲིག་བྱས་པ་དང་། མཉམ་ལས་ཚན་པས་རྩོད་གཞི་ཁྲི་3.7ལྷག་ཙམ་སོ་སོས་བདག་སྤྲོད་བྱས་ནས་འདུམ་འགྲིག་བྱས་པ་རེད།
   ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཏོན་དོན། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”དོན་འཁྱོལ་གཏིང་ཟབ་བྱས་ཏེ“གྱོད་གཞི་མང་ལ་ལས་མི་དཀོན་པའི”འགལ་ཟླ་ཐག་གཅོད་བྱེད་སྐབས“ཏང་ཨུད་ཀྱི་འགོ་ཁྲིད་དང་ཕྱོགས་མང་མཉམ་བཅོས”འོག་མི་ཁྲིས་ཞུ་གཏུག་རྒྱག་པ་སོགས་ཀྱི་དམིགས་ཚད་རྫོང་དང་ཤང་ས་ཁུལ་གྱི་དུས་བདེའི་འཛུགས་སྐྲུན་དཔྱད་ཞིབ་ནང་རྒྱ་ཁྱབ་ཏུ་འཇུག་པར་སྐུལ་འདེད་བཏང་ནས་གཏུག་ཁུངས་བཅོས་སྐྱོང་གི“གྲོགས་ཚོམ”ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། འདུམ་འགྲིག་ལ་མཛུབ་ཁྲིད་བྱེད་པའི་ཁྲིམས་གཏན་འཁེལ་བའི་འགན་ནུས་ཏན་ཏིག་བསྒྲུབས་ཏེ། གྱོད་དཔེའི་མཛུབ་ཁྲིད་དང་ལས་སྒོ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། ལས་དོན་གྱི་གཙོ་གནད་དེ་རྩོད་གཞི་ཁག་བགོས་ཀྱི“བར་བརྒྱུད་ས་ཚིགས”ནས་མདུན་དུ་སྣུར་སྲིང་བྱས་ཏེ་རྩོད་གཞི་འབོར་ཆེན་གྲོང་ཚོ་དང་གྲོང་རྡལ་གྱི་སྡེ་ཁུལ་ནས་ཐག་གཅོད་ཐུབ་པར་རམ་འདེགས་དང་། སྣེ་ཁྲིད། རྒྱབ་སྐྱོར་བཅས་བྱེད་པ་དང་། ལས་རིགས་ཁེ་ལས་ཀྱི་རྩོད་གཞི་ཁེ་ལས་གནས་ས་དང་འབྱུང་རྩ་ནས་སེལ་ཐུབ་པ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།