འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ཆུའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱུན་མཐུད་བརྒྱབ་པས་རྒྱལ་ཁབ་ཀྱི་ཚོད་འཛིན་ལོ་འཁོར་གྱི་དམིགས་ཚད་ལོ་11བསྟུད་མར་ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་12ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་། ཆུ་བོ་དང་མཚོ་མོར་ལྟ་འདོམས་བྱེད་ནུས་ཆེ་རུ་གཏོང་བ། ས་ཆུ་ཤོར་བ་འགོག་བཅོས་ལ་ཤུགས་རྒྱག་པ། ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱུན་མཐུད་བརྒྱབ་པ་ལས། དེ་དག་ཁྲོད། ཆུའི་ཐོན་ཁུངས་ཀྱི“དམར་ཐིག་གསུམ”གྱི་དམིགས་ཚད་ཐད་རྒྱལ་ཁབ་ཀྱི་ཚོད་འཛིན་ལོ་འཁོར་གྱི་དམིགས་ཚད་ལོ་11བསྟུད་མར་ལེགས་སྒྲུབ་ཐུབ་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་། “ཐོན་ལས་བཞི”འཛུགས་སྐྱོང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་གང་མགྱོགས་སྐྲུན་པ་བཅས་ལ་ཆུ་བེད་ཀྱི་ནུས་པ་བཏོན་པ་རེད།
     2023ལོར། མཚོ་སྔོན་ཞིང་ཆེན་གྱིས《ཆུའི་ཐོན་ཁུངས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས། ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་དང་གྲོན་ཆུང་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཆུ་ལེན་ཆུ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་དང་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཆུ་སྤྱོད་ཀྱི་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་བཏང་བ་རེད། ན་ནིང་གི་ལོ་ཧྲིལ་པོར། ཞིང་ཆེན་རིམ་པས་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་སྒོར་དུང་ཕྱུར་5.03བསྡུས་ནས་ཆུ་བསྲིའི་གཞི་རྟེན་བཙུགས་པར་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་ཡོད་པ་སྟེ། ཟི་ལིང་གྲོང་ཁྱེར་གྱིས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་ཀྱི་ཆུ་བསྲི་རྣམ་པའི་གྲོང་ཁྱེར་བཏོད་པ་དང་། རྫོང(ཆུས)24ལ་ཆུ་བེད་པུས་རྫོང་ཁོངས་ཀྱི་ཆུ་བསྲི་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ཚད་ལོན་རྫོང་གི་མཚན་སྙན་སྤྲད་ནས་ཆུའི་ཐོན་ཁུངས་དོ་དམ་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད་པ་རེད།
     སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས“ཆུ་དཔོན་མཚོ་དཔོན་+ཞིབ་དཔྱོད་ཀྲང”དང“ཆུ་དཔོན་མཚོ་དཔོན་+ནགས་དཔོན་རྩྭ་དཔོན”གྱི་རོགས་སྒྲུབ་ལམ་སྲོལ་ཧུར་ཐག་བཙུགས་པས“བཞུར་རྒྱུད་+ཁྱབ་ཁོངས”ཀྱི་རོགས་ལས་བཅོས་སྐྱོང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་བ་15980ཚང་མ་སྤྱིར་ན་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་དོ་དམ་སྲུང་སྐྱོང་བའི་ལས་གནས་དང་སྡེབ་སྒྲིག་ཐུབ་ཡོད་པ་དང་། དེས་མ་ཟད། ཆུ་བོ་དང་མཚོ་མོའི་རྒྱང་ཚོར་པར་རིས་ཞིབ་དཔྱད་དང“གང་བྱུང་བཞིའི”གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཆུ་བོ་དང་མཚོ་མོའི་སྐྱོན་བྲལ་གདེང་འཇོག་ལས་དོན་ཏན་ཏིག་སྤེལ་བ་དང་། བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚོ་མོ16འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
     དེ་དང་ཆབས་ཅིག ས་ཆུ་སྲུང་འཛིན་གྱི་མ་དངུལ་སྒོར་དུང་ཕྱུར་3.24དོན་འཁྱོལ་བྱས་ནས་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་565.41བཅོས་སྒྲིག་དང་། མིས་རྐྱེན་པའི་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་21.5འགོག་བཅོས་བྱས་པ་མ་ཟད། ད་དུང་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ཇུས་གཞིའི་སྲིད་འཛིན་ཆོག་འཁྲོལ་66ལེགས་སྒྲུབ་དང་། དོགས་ཡོད་འགལ་རྐྱེན་བཟོས་རིགས་པར་རིས་ལ་ས་གནས་ས་ཐོག་ཏུ་དཔྱད་ཞིབ་418བྱས་པ། རང་བརྟེན་ཞིབ་བཤེར་རྩིས་ལེན་དང་དགོངས་སྐོར་སྙན་སེང་38ཞུས་ནས། ས་ཆུ་ཤོར་བ་འགོག་བཅོས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)