འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་12ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་1ཚེས་10ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་བརྙན་ལམ་ནས་ཞལ་འཛོམས་གནང་བཞིན་པ།
འདི་ནི་ཟླ་1ཚེས་10ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་བརྙན་ལམ་ནས་ཞལ་འཛོམས་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧྥིན་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། དུས་ཡུན་རིང་པོར་ཀྲུང་གོར་མཛའ་མཐུན་གྱི་སྲིད་ཇུས་མཐའ་འཁྱོངས་གནང་བ་དང་། ལྷག་པར་དུ་ཙུང་ཐུང་ཉི་ཉི་སི་ཐུའོ་ཡིས་ཧྥིན་ལན་གྱིས་ཀྲུང་གོར་དངོས་སྒྲུབ་མཉམ་ལས་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་གཏོང་བར་ཐོག་མཐའ་བར་གསུམ་དུ་ཧུར་ཐག་གཞོལ་བཞིན་ཡོད་པས་ངས་དེར་བསྔགས་བརྗོད་ཞུ་གི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧྥིན་ལན་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་སྟེ་ནགས་ཚལ་བཟོ་ལས་དང་། ཞིང་ཟས་ཐོན་རྫས། ཆ་འཕྲིན་འཕྲིན་གཏོང་། ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་། ཚན་རྩལ་སློབ་གསོ། དགུན་དུས་ལུས་རྩལ་སོགས་ཁྱབ་ཁོངས་ཐད་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་ཞེས་གསུངས།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥིན་ལན་དབར་གྱི་འབྲེལ་བའི་འཕེལ་ཚུལ་བཟང་པོ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱོགས་གཉིས་པོས་ཕན་ཚུན་དབར་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པས་རེད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་མཉམ་ལས་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་ལས་དོན་མཐུན་སྦྱོར་ངང་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ཀྱི་གྲོས་འགོ་མཉམ་དུ་འདོན་པ། རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་འཛམ་གླིང་གི་རྒྱལ་ཁབ་ཁག་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ཟང་ཟིང་གི་འོག་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་འཐབ་ཇུས་དོན་སྙིང་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཤུགས་དེ་བས་མངོན་གསལ་དོད་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཚུད་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གིས་འཐབ་ཇུས་ཀྱི་མཐོང་རྒྱ་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཕྱོགས་གཉིས་པོར་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཏང་ནས་མཉམ་དུ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཉི་ཉི་སི་ཐུའོ་ཡིས་ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥིན་ལན་ལ་འཚམས་འདྲི་ཐེངས་གཉིས་གནང་ཚུལ་དང་རང་ཉིད་ཀྱིས་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་གསལ་ལེར་དྲན་གྱི་འདུག ངེད་ཚོའི་འགྲོ་འོང་སྔ་ཕྱི་ཚང་མ་ལས་རང་ཉིད་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། ང་ཚོས་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ནས་བཙུགས་པའི་འབྱུང་འགྱུར་ལ་ཕྱོགས་པའི་ཧྥིན་ལན་དང་ཀྲུང་གོའི་དབར་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པས་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་། ཏོག་གསར་རིམས་ནད་མཆེད་རིང་ཕྱོགས་གཉིས་པོས་མཉམ་ལས་ཡག་པོ་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱས་ཏེ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧྥིན་ལན་དང་ཀྲུང་གོའི་དབར་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་དང་། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་སྒྲུབ་རིང་འབྲེལ་གཏུག་དམ་ཟབ་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད།