འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟག་རྒན་འདི་གཉིས་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་11ཉིན། 17:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧྭ་ཁྲེན་རླངས་འཁོར་ཚོགས་པའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་ཁྱབ་གཞོན་པ་ལིའུ་ཞུའེ་མིན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ལེའོ་ཉིང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་ཕུལ་བ་རེད། ལེའོ་ཉིང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་གཏན་འཁེལ་བྱས་པ་བརྒྱུད། ལེའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱས། ཉིན་ཤས་གོང་། ལེའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ལིའུ་ཞུའེ་མིན་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་པའི་སྒང་རེད། 
     ཧྲན་ཞི་ཞིང་ཆེན་ཕིང་ལུའུ་རྫོང་ཨུའི་དེ་སྔའི་ཧྲུའུ་ཅི་མ་ཅུན་ཙེ(ཁྲུའུ་རིམ་པ་རྒན་པ)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་གཏན་འཁེལ་བྱས་པ་བརྒྱུད། ཁྲང་ཀྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཁྲང་ཀྲེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་མ་ཅུན་ཙེ་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་པའི་སྒང་རེད།