འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཡའོ་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕུད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་10ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཡའོ་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་རེད།
     ཉིན་ཤས་གོང་། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཡའོ་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
     ཞིབ་བཤེར་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ཡའོ་ལིན་ཕུགས་བསམ་དང་དད་སེམས་ཉམས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ་དང་། འདོད་རྔམས་ཆེ་རུ་ཕྱིན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་བ། ལོ་གསར་དང་། དུས་ཆེན། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་གོ་སྐབས་དང་བསྟུན་ནས་སྒྲིག་འགལ་ངང་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་གཱ་བཅས་བླངས་པ་མ་ཟད། གཞུང་དོན་སྒྲུབ་མཁན་ལ་ལག་རྟགས་སྐྱེལ་བ་དང་། བོགས་ལེན་གྱི་མིང་ཐོག་ནས་དུས་ཡུན་རིང་པོར་གཞན་གྱི་ཁང་པ་བེད་སྤྱོད་བྱས་པ་མ་ཟད། རང་གིས་སྤྲོད་དགོས་པའི་གྲོན་དངུལ་གཞན་ལ་སྤྲོད་དུ་བཅུག་པ། འཚོ་བ་རུལ་ལད་ངན་ལྷུང་ཡིན་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་མཐའ་ཚད་སྤུ་ཙམ་ཡང་མེད་པ་དང་། སྤྱི་པའི་ཡོ་བྱད་སྒེར་སྤྱོད་བྱེད་པ། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ། རྒྱུ་དབང་བརྗེ་ཚོང་ཤུགས་ཆེན་བྱེད་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ལས་གཉེར་སྐྱོང་དང་རྣམ་གྲངས་སྒྲུབ་འགན་ལེན་པ་སོགས་ཀྱི་ཐད་ཁེ་ཕན་སྒྲུབ་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད་པ་རེད།