འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་མཚོ་སྔོན་མཚོ་བྱང་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་30རག་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་10ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་1ཚེས་5ཉིན། “དུས་རབས་གསར་པ། མཚོ་སྔོན་གསར་པ། རྒྱང་ལམ་གསར་པ”ཞེས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཚོ་བྱང་ཆེད་ཚོགས་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་རིག་གནས་ལུས་རྩལ་དང་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གཏོད་པར་མཚོ་བྱང་མདུན་གྲལ་དུ་སླེབས་པར་བྱ་རྒྱུའི”དམིགས་ཚད་ལ་དམ་པོར་དམིགས་ནས། མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་གཏོད་སྣེ་ཁྲིད་དུ་བྱས་པས། མཚོ་བྱང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་གྱི་ལས་དོན་ལ་དོ་ཁུར་བྱེད་མང་བ་དང་། ཚད་བརྒལ་ཡོད་པ། ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ལོ་ཧྲིལ་པོའི་ཡུལ་སྐོར་མི་ཐེངས་དང་ཡོང་འབབ་དུས་མཚུངས་ལས་འཕར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་30ཟིན་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)