འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་34ཡིན་པའི་ལོ་ན་གཞོན་ཤོས་ཀྱི་ཙུང་ལི་འདེམས་བསྐོ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་10ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་(CNN)ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་9ཉིན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ལོ་34ལ་སླེབས་པའི་ཅ་པུའུ་ཨེར་·ཨ་ཐར་རྒྱལ་ཁབ་དེའི་ཙུང་ལི་ཕྱི་མར་བསྐོ་གཞག་བྱས་པ་རེད། 
གནས་འཕྲིན་སྤེལ་བར་གཞིགས་ན། ད་ལྟ་ཧྥ་རན་སེའི་རྒྱལ་དམངས་སློབ་གསོ་དང་གཞོན་ནུའི་པུའུ་ཀྲང་ཨ་ཐར། 1958ལོར་ཧྥ་ལན་ཤིའི་སྤྱི་མཐུན་རྒྱལ་ཁབ་ལྔ་པ་བཙུགས་ཚུན་རྒྱལ་ཁབ་དེའི་ལོ་ན་གཞོན་ཤོས་ཀྱི་ཙུང་ལིར་འགྱུར་རྒྱུ་རེད། 
གནས་འཕྲིན་སྤེལ་བར་གཞིགས་ན། ཁོང་གིས་ཧྥ་རན་སེའི་ཙུང་ལི་ཟུར་པ་པོའར་ནེ་ཡི་ཚབ་ཞུས་པ་དང་། ཙུང་ལི་ཟུར་པ་ནི་ “ཟླ་བ་20ཡི་ཟང་ཟིང་གི་ལས་འགན་འཁུར་ཡུན་ཐིམ་”རྗེས་ཁ་སང་ལས་ཁུར་དགོངས་པ་ཞུས། 
    དེའི་གོང་གི་གནས་འཕྲིན་སྤེལ་བར་གཞིགས་ན། ཧྥ་རན་སེའི་ཙུང་ལི་པོའར་ནེ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་ལས་ཁུར་དགོངས་པ་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། པོའར་ནེ་ཡིས་ལས་གནས་དགོངས་ཞུའི་ཡི་གེའི་ནང་ཁོང་དང་ཙུང་ཐུང་མ་ཁེ་ལུང་གིས་“དེ་སྔའི་དུས་གང་ཞིག་ལས་ཀྱང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་བཤད་པ་རེད།