འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གྲོགས་ཚོམས་སུ་ཚོང་འདི་བརྒྱབ་ན་ཁྲིམས་འགལ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་09ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    སྐད་འཕྲིན་གྲོགས་ཚོམས་སུ་ཤོག་སྦག་བཙོང་ན་ཚོང་གཉེར་ལག་ཁྱེར་ཡོད་མེད་ལ་མ་བལྟོས་པར་ཚང་མ་ཁྲིམས་འགལ་གྱི་དོགས་གཞི་ཡོད། གལ་སྲིད་བྲིན་ཚོང་བྱས་པའི་ཤོག་སྦག་ལ་གནད་དོན་ཐོན་ཚེ། འཚོང་མཁན་དང་བརྒྱུད་སྐུར་བྱེད་མཁན་ཚང་མས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།
   ཤོག་སྦག་དྲག་ཐོག་ཏུ་ཉོ་ཚོང་བྱེད་ཆོག་གམ། 
   གལ་ཏེ་ཚོང་པས་སྐད་འཕྲིན་གྲོགས་ཚོམས་སུ་བྲིན་འཚོང་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དེ་མཛུབ་སྟོན་རང་བཞིན་དང་གསལ་འདེབས་རང་བཞིན་གྱི་ཆ་འཕྲིན་ཞིག་ཡིན་པ་དཔེར་ན། ཚང་མར་དམིགས་འཛུགས་ས་གནས་སུ་ཤོག་སྦག་ཉོ་བར་འགྲོ་ཚུལ་བཤད་ན་ཁྲིམས་འགལ་མ་རེད།  གལ་ཏེ་གྲོགས་ཚོམས་སུ་སྤེལ་བའི་ཉོ་འཚོང་བྱེད་ས་དེ་དམིགས་འཛུགས་ས་གནས་མིན་པ་དང་། ཚོང་ཟོག་སྒོ་ཁར་སྐྱེལ་བའི་རྣམ་པ་ཚུད་པ་ཚང་མར་ཚོང་གཉེར་ལག་ཁྱེར་ཡོད་མེད་གང་ཡིན་རུང་ཁྲིམས་འགལ་རེད། གྲོགས་ཚོམས་སུ་ལྐོག་ནས་ཤོག་སྦག་འཚོང་བ་དང་། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་ལྔ་ལས་བརྒལ་བའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་གཅིག་ལས་བརྒལ་ཚེ། ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་པའི་ཉེས་ཚད་ལོན་ཡོད།
   སྐད་འཕྲིན་གྲོགས་ཚོམས་སུ་ཤོག་སྦག་བྲིན་འཚོང་བྱེད་པའི་བཅའ་ཁྲིམས་ཀྱི་འགན་འཁྲི། 
“གལ་ཏེ་སྐད་འཕྲིན་གྲོགས་ཚོམས་བརྒྱུད་དེ་ཤོག་སྦག་བཙོངས་པའི་གྲངས་འབོར་ཅུང་མང་ཞིང་། ཁྲིམས་འགལ་གྱིས་ཚོང་གཉེར་བྱས་པའི་ཉེས་གསོག་དོགས་གཞི་ཡོད་པས། ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་ཉེར་ལྔའི་གཏན་འབེབས་ལྟར་ན། ཁྲོམ་རའི་སྒྲིག་ལམ་དཀྲུགས་པའི་བྱས་ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ་ལྔ་མན་གྱི་ཉེས་ཆད་དམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་དུས་བཙོན་ལོ་ལྔ་ཡན་གྱི་ཉེས་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅོད་རྒྱུ་”ཞེས་འཁོད་ཡོད།   
   《ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག》གི་དོན་ཚན་36པའི་གཏན་འབེབས་ལྟར་ན། ཆོག་འཐུས་མ་ཐོབ་པར་ཤོག་སྦག་གི་ཐོན་རྫས་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའམ་ཡང་ན་ཤོག་སྦག་གི་བདེ་འཇགས་ཐོན་སྐྱེད་ཆོག་འཐུས་མ་ཐོབ་པའི་ཚན་པའམ་མི་སྒེར་ལ་འབར་རྫས་ནག་པོ་དང་། དུད་རྫས། འདྲེན་སྐུད་བཅས་བྲིན་ཚོང་བྱེད་མཁན་ལ། བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་ངང་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ་དང་། སྒོར་ཁྲི་2ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ་དང་འབྲེལ་ཁྲིམས་འགལ་ངང་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་དངོས་ཟོག་གཞུང་བཞེས་གཏོང་རྒྱུ།
   ཆོག་འཐུས་མ་ཐོབ་པར་གཞུང་ལམ་བརྒྱུད་ཤོག་སྦག་སྐྱེལ་འདྲེན་བྱེད་མཁན་ལ་སྤྱི་བདེ་སྡེ་ཁག་གིས་ཁྲིམས་འགལ་ངང་སྐྱེལ་འདྲེན་ལས་སྒོ་སྤེལ་མཚམས་འཇོག་རྒྱུའི་བཀའ་གཏོང་དགོས་པ་དང་། སྒོར་ཁྲི་1ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་དགོས་པ་མ་ཟད། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱས་པའི་དངོས་ཟོག་དང་དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་དགོས། ཁྲིམས་འགལ་གྱིས་ཤོག་སྦག་ཐོན་སྐྱེད་དང་། ཚོང་གཉེར། སྐྱེལ་འདྲེན་བཅས་བྱས་ནས་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་རིགས་ལ་ཁྲིམས་ལྟར་བདེ་སྐྱོང་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི།བརྒྱུད་སྐུར་བྱེད་པར་ཡང་འགན་འཁྲི་འཁུར་དགོས། མི་མང་པོ་ཞིག་གིས་གྲོགས་པོ་ཚོར་བརྡ་ཁྱབ་དེ་རིགས་བརྒྱུད་སྐུར་བྱེད་ཀྱི་ཡོད། གལ་སྲིད་ཕྱིར་ཚོང་བྱས་པའི་ཤོག་སྦག་ལ་གནད་དོན་ཐོན་ཚེ་འཚོང་མཁན་དང་བརྒྱུད་སྐུར་བྱེད་མཁན་ཚང་མས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།