འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞི་འདིའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་08ཉིན། 17:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཡུས་ཧྭ་དབྱིན་གྱིས་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་གྱོད་གཞིར་འདྲི་གཅོད་གཉིས་པའི་ཁྲུན་ཐག་བཅད་དེ། ཕྱིར་སྤྲད་ནས་བསྐྱར་དུ་འདྲི་ཞིབ་བྱ་རྒྱུ་བྱས་པ་རེད། 
     ཁྲིམས་ཁང་གིས། ཐོག་མའི་དཔྱད་མཚམས་ནང་ཞུ་སྦྱོར་ཕྱི་མ་བ་ཡུས་ཧྭ་དབྱིན་གྱིས་བྱིས་པ་བསླུ་འཚོང་བྱས་པའི་ཉེས་བསགས་དོན་དངོས་ཆད་ལུས་བྱུང་ཡོད་ཅིང་། དོན་དངོས་ཁ་ཤས་གསལ་པོ་མ་བྱུང་བས། གོང་གཏུག་བྱེད་མཁན་ཡུས་ཧྭ་དབྱིན་གྱི་ཉེས་བསགས་དོན་དངོས་ཚང་མ་རྩད་ཞིབ་གསལ་པོ་བྱེད་ཆེད་བསྐྱར་དུ་འདྲི་ཞིབ་བྱེད་དགོས་པའི་ངོས་འཛིན་བྱས། 
     གྱོད་གཞི་དེ་2023ལོའི་ཟླ་9ཚེས་18ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། འདྲི་ཞིབ་བྱས་ནས་རྩད་ཆོད་པ་ལྟར་ན། ཞུ་སྦྱོར་ཕྱི་མ་བ་ཡུས་ཧྭ་དབྱིན་གྱིས་1993ལོ་ནས་1996ལོའི་བར་ཀུང་ཆེ་གེ་མོ(ཚེ་ལས་འདས་)དང་མཉམ་དུ་ཀུའེ་ཀྲོའུ་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་སོགས་སུ་ཁྱོན་བསྡོམས་བྱིས་པ་11བསླུ་འཚོང་བྱས། དེའི་བྱ་སྤྱོད་ནི་བྱིས་པ་བསླུ་འཚོང་བྱས་པའི་བྱས་ཉེས་སུ་གྲུབ་ཡོད་ཅིང་། བྱས་ཉེས་ཚབས་ཤིན་ཏུ་ཆེ་བ་དང་། སྤྱི་ཚོགས་ལ་གནོད་པ་ཧ་ཅང་ཆེ་བས་ཉེས་ཆད་ནན་མོ་གཅོད་དགོས། ཞུ་སྦྱོར་ཕྱི་མ་བ་ཡུས་ཧྭ་དབྱིང་གིས་བྱིས་པ་བསླུ་འཚོང་བྱས་པའི་བྱས་ཉེས་ལ་གཞིགས་ནས། འདྲི་གཅོད་དང་པོར་སྲོག་ཁྲིམས་བཅད་དེ་ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཀྱང་བཏང་ཡོད། ཞུ་སྦྱོར་ཕྱི་མ་བ་ཡུས་ཧྭ་དབྱིན་གྱིས་ཁྲིམས་སར་གོང་གཏུག་བྱ་རྒྱུ་བསྟན། 
     2023ལོའི་ཟླ་11ཚེས་28ཉིན། གྱོད་གཞི་དེར་འདྲི་གཅོད་གཉིས་པ་བྱས་ནས་ཁྲིམས་ར་འཚོགས་པ་དང་། ཁྲིམས་སར་འདྲི་གཅོད་བྱས་རྗེས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མའི་ཞིབ་བཤེར་བརྒྱུད་གོང་གཏུག་བྱེད་མཁན་ཡུས་ཧྭ་དབྱིང་གིས་ཡུན་ནན་ཞིང་ཆེན་དུའང་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་དོགས་གཞི་ཡོད་པའི་ཉེས་གསོག་དོན་དངོས་གཞན་དག་ཤེས་རྟོགས་བྱུང་། ལུས་ཤོར་ནག་ཉེས་ཐག་གཅོད་ཐུབ་མེད་པས། ཉེས་གསོག་ལ་ཁྱོན་ཡོངས་དང་། ཡང་དག ནུས་ལྡན་བཅས་ཀྱི་སྒོ་ནས་རྡུང་རྡེག་གཏོང་ཆེད། ཞུ་སྦྱོར་ཕྱི་མ་བར་ཁྲིམས་ལྟར་གོང་གཏུག་བྱེད་དབང་ཡོད་པ་འགན་སྲུང་བྱེད་ཆེད། གྱོད་གཞི་འདི་ཕྱིར་སྤྲད་དེ་བསྐྱར་དུ་འདྲི་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།