འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་དུ་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་5000ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་08ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ལུའུ་ནེང་ལེང་ཧུའུ་ཡི་ཆན་ཝ་ཁྲི་50ཡི་རླུང་ཤུགས་གློག་ཁང་སོགས་གློག་འདོན་རྣམ་གྲངས་ཁག་གཅིག་རྗེས་གཉིས་མཐུད་ངང་དྲ་སྦྲེལ་བྱས་པ་དང་བསྟུན་ནས། 2023ལོར་མཚོ་སྔོན་གློག་དྲའི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཆན་ཝ་ཁྲི་980.88འཕར་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་ཁུངས་ཀྱི་སྤྱིའི་གློག་འདོན་ཚད་དང་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཁག་སོ་སོར་ཆན་ཝ་ཁྲི་5497.08དང་5107.94ཟིན་པ་དང་། ནུས་རྒྱུ་གཙང་མའི་གློག་འདོན་ཚད་2022ལོའི་ལོ་མཇུག་དང་བསྡུར་ན་23.77%འཕར་ནས་ནུས་རྒྱུ་གཙང་མ་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད་པ་རེད།
    “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་བསུས་ཡོད། སྔོན་དཔག་བྱས་ན་2030ལོར་སླེབས་དུས་ནུས་རྒྱུ་གཙང་མ་འཛུགས་སྐྲུན་གཞི་ཁྱོན་ཆན་ཝ་དུང་ཕྱུར་1ཡན་ཟིན་རྒྱུ་ཡིན་པ་རེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ནུས་རྒྱུ་གཙང་མ་དྲ་སྦྲེལ་འདྲེན་སྤྱོད་འགན་ལེན་ལ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་དང་། འོད་ཤུགས་དང་། རླུང་ཤུགས། ཆུ་ཤུགས་བཅས་ཀྱི་གློག་འདོན་མཉམ་འབྲེལ་ཚོད་འཛིན་ཐབས་ཇུས་རྒྱུན་མཐུད་ལེགས་སུ་བཏང་ཐོག་རླུང་འོད་གསབ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནུས་རྒྱུ་གཙང་མ་འདྲེན་སྤྱོད་ཀྱི་གཏིང་ཤུགས་ཟབ་སྔོག་འདོན་བྱས་པ་དང་། དུས་ཡུན་རིང་འབྲིང་གི་ཞིང་ཆེན་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བ་དང་ཞིང་ཆེན་ལས་བརྒལ་བ་འཚང་གཡོལ་གྱི་རམ་འདེགས་ཞབས་ཞུ་ཉོ་ཚོང་སོགས་བྱེད་ཐབས་བརྒྱུད། ནུས་རྒྱུ་གཙང་མ་ཞིང་ཆེན་ཕྱིར་འདྲེན་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་པ་རེད།
   2023ལོར། མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་འདོན་ཚད་ཐེངས་དང་པོར་ཆུ་གློག་ལས་བརྒལ་ནས་ཞིང་ཆེན་དེའི་གློག་ཁུངས་ཆེ་ཤོས་ཨང་དང་པོར་གྱུར་ཡོད།