འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་མཚོ་སྔོན་ལ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་
ཕྱུར་2.4བྱུང་བ།

དུས་མཚུངས་ལས་84.6%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་05ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་པ་དང་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པས་གུང་གསེང་རིང་ཁྲོམ་ར“བདེ་འཇགས་དང་། གོ་རིམ་ལྡན་པ། སྤུས་ལེགས། ཤེས་དཔལ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་43.3ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་2.4ཟིན་པ་དེ་དུས་མཚུངས་ལས་84.6%འཕར་ཡོད།
   གུང་གསེང་རིང་། ཡུལ་སྐོར་བས་གངས་འཁྱགས་ཡུལ་སྐོར་ལ་ཧ་ཅང་དགའ་པོ་བྱེད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ཡུལ་སྐོར་ར་བས་དགུན་དཔྱིད་ཡུལ་སྐོར་ལ་དམིགས་ནས་གངས་འཁྱགས་སྟེང་དུ་རྐང་འཁོར་དང་སྦག་སྦག་བཞོན་པ་དང་གངས་འཁྱགས་མདའ་འཕེན་སོགས་རོལ་རྩེད་རྣམ་གྲངས་བཏོན་ནས་གངས་འཁྱགས་ཡུལ་སྐོར་ཐོན་རྫས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ་དང་ཡུལ་སྐོར་བར་སྤྲོ་སྣང་དེ་བས་མང་བ་སྦྱིན་ཡོད། ཉེ་འདབས་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར། རིག་རྫས་ཡུལ་སྐོར་བཅས་སྔར་བཞིན་གཙོ་བོ་ཡིན་ཞིང་། ཐག་ཉེ་ས་དང་འཛད་སྤྱོད་དམའ་བའི་གྲོང་ཁྱེར་ཉེ་འདབས་སུ་ཡུལ་སྐོར་དང་རང་ཡུལ་དུ་སོས་དལ་ཡུལ་སྐོར་བྱེད་པ་ནི་སྔར་བཞིན་གུང་གསེང་ཡུལ་སྐོར་བྱེད་སྟངས་གཙོ་བོར་གྱུར་པ་དང་། ཐག་ཉེ་སར་ཡུལ་སྐོར་དང་སྟབས་བདེའི་སྤྲོ་གསེང་སོགས་ཡུལ་སྐོར་བ་མང་པོའི་གདམ་ག་ཐོག་མར་གྱུར་པ། རིག་རྫས་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་ཁང་སོགས་ཀྱིས་ཡུལ་སྐོར་བ་མང་པོའི་ལྟད་མོ་ལྟ་བ་དང་མྱོང་རོལ་བྱེད་པའི་ཡིད་དབང་བཀུག་ཡོད། མཚོ་སྔོན་དང་། ཧྲའན་ཤིས། ཀན་སུའུ། ཉིང་ཞ། ཤིན་ཅང་། ནང་སོག་སོགས་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས2024ལོའི“ཉི་འོད་དང་པོ”བརྗོད་དོན་གཙོ་བོར་བྱས་ཏེ། དམངས་ཡོངས་ཀྱིས་མཉམ་དུ་བརྙན་ཐུང་པར་བླངས་ནས་ལོ་གསར་པ་བསུ་བའི་བྱེད་སྒོ་མཉམ་དུ་སྤེལ་བར་དར་གོས་ལམ་བུ་དང་རྨ་ཆུ་འབབ་རྒྱུད་ཀྱི་ཡུལ་སྐོར་གྱི་ཉམས་སྣང་གང་ལེགས་མངོན་ཡོད།
   མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བདེ་འཇགས་ལྟ་འདོམས་ཀྱི་འགན་འཁྲི་ནན་པོ་ཁུར། རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་དང་ལས་རིགས་ཀྱི་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། ཞིབ་ཚགས། གནད་འཁེལ་བཅས་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བ་བདེ་འཇགས་ངང་ཕྱིར་སྐྱོད་པར་འགན་ལེན་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་དང་འཛད་སྤྱོད་རེ་འདུན་གཞིར་བཟུང་། ཐོན་རྫས་མཁོ་སྤྲོད་དང་། ཞབས་ཞུར་འགན་ལེན། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད། དེ་དང་ཆབས་ཅིག ལས་རེས་ལས་སྲུང་དང་། ཁྲོམ་ར་ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བ་རྣམས་བདེ་འཇགས་ཞི་ལྷོད་ངང་གུང་གསེང་ལ་རོལ་ཐུབ་པར་འགན་ལེན་བྱས་ཡོད།