འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་མཐའ་མཚམས་གཞོན་ནུ་ལོ་ཆུང་གི་ཚན་རིག་ལག་ལེན་སྒར(པེ་ཅིང་གི་དུས་
ཐེངས་གཉིས་པ)གཉེར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་05ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིས་གཉེར་འགན་འཁུར་བའི“སེམས་པ་གཅིག་སྦྲེལ——བོད་ཀྱི་མཐའ་མཚམས་གཞོན་ནུ་ལོ་ཆུང་གི་ཚན་རིག་ལག་ལེན་སྒར(པེ་ཅིང་གི་དུས་ཐེངས་གཉིས་པ)”པེ་ཅིང་དུ་དངོས་སུ་གཉེར་འགོ་ཚུགས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་ཁག་གི་མཐོ་འབྲིང་ལོ་རིམ་དང་པོའི་མི་རིགས་ཁག་གི་སློབ་མ་70བྱེད་སྒོར་ཞུགས་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། “སེམས་པ་གཅིག་སྦྲེལ——བོད་ཀྱི་མཐའ་མཚམས་གཞོན་ནུ་ལོ་ཆུང་གི་ཚན་རིག་ལག་ལེན་སྒར”གྱི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རིག་ཁྱབ་གདལ་གྱི་མཐའ་སྟོབས་མཐའ་བརྟན་བྱ་སྤྱོད་ལ་སྐུལ་འདེད་དང་མཐའ་མཚམས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་སློབ་གསོར་ཤུགས་སྣོན་རྒྱག་ཆེད། 2023ལོར་གསར་དུ་བཙུགས་པའི“ཁུར་པོ་ཡང་གཏོང་གཉིས”ལ་སྐུལ་འདེད་གཏོང་བའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་སློབ་གསོའི་སྤུས་རྟགས་བྱེད་སྒོ་ཞིག་ཡིན་ཞིང་། གུང་གསེང་རིང་རྒྱལ་ས་པེ་ཅིང་དུ་ཞིབ་སྦྱོང་ལ་བསྐྱོད་པ་བརྒྱུད། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་གྲུབ་འབྲས་ཤེས་རྟོགས་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཟབ་མོ་མྱོང་ཚོར། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ནས། ཤེས་བྱ་སློབ་གཉེར་དང་མེས་རྒྱལ་འཛུགས་སྐྲུན་ལ་ཞུགས་པའི་རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད།