འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཏམ་བཟང་། གྲོན་དངུལ་འདི་སྤྲོད་མི་དགོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་04ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     《ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་རྒྱུན་མཐུད་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའི་སྤྱི་བསྒྲགས་》(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའི་སྤྱི་བསྒྲགས་ཀྱི་2023ལོའི་ཨང་10པའི་)གཏན་འབེབས་ལ་གཞིགས་ན། ཉོ་སྒྲུབ་བྱེད་ཡུན་2024ལོའི་ཟླ་1ཚེས་1ཉིན་ནས་2025ལོའི་ཟླ་12ཚེས་31ཉིན་བར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་དང་། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་རེར་ཁྲལ་འཇལ་མི་དགོས་པའི་དངུལ་སྒོར་ཁྲི་3ལས་བརྒལ་མི་རུང་བ་དང་། ཉོ་སྒྲུབ་བྱེད་ཡུན་2026ལོའི་ཟླ་1ཚེས་1ཉིན་ནས་2027ལོའི་ཟླ་12ཚེས་31ཉིན་བར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཕྱེད་ཀ་ཆག་ཡང་གཏོང་རྒྱུ་དང་། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་རེར་ཁྲལ་འཇལ་མི་དགོས་པའི་དངུལ་སྒོར་ཁྲི་1.5ལས་བརྒལ་མི་ཆོག