འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་ཀྲུང་གོའི་འཁྱག་ལྡིར་མཉམ་འབྲེལ་འགྲན་བསྡུར(ཟི་ལིང་ས་ཚིགས)ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་04ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་འཁྱག་ལྡིར་མཉམ་འབྲེལ་འགྲན་བསྡུར་སྐབས་གཉིས་པ2023ལོའི་ཟླ་9ཚེས་9ཉིན“འཁྱག་ལྡིར་གྱི་ཕ་ཡུལ”ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། ཐེན་ཅིན་གྲོང་ཁྱེར་ཅིས་ཀྲོའུ་ཆུས་ས་ཚིགས་སུ་འགྲན་བསྡུར་བྱས་རྗེས་2023ལོའི་ཟླ་12ཚེས་25ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་མདོ་པ་ས་ཚིགས་སུ་མཉམ་འཛོམས་ཀྱིས་མཐའ་མའི་འགྲན་བསྡུར་བྱས་རྗེས་མཉམ་འབྲེལ་འགྲན་བསྡུར་གྱི་ལོ་འཁོར་གྱི་ཨང་དང་པོ་ཐོན་པ་རེད། ཀྲུང་གོའི་འཁྱག་ལྡིར་མཉམ་འབྲེལ་འགྲན་བསྡུར(ཟི་ལིང་ས་ཚིགས)2024ལོའི་ཟླ་1ཚེས་1ཉིན་གྱི་དགོང་མོ་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་མཇུག་འགྲིལ་བ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཆུ་ཚད་མཐོ་བའི་འཁྱག་ལྡིར་འགྲན་བསྡུར་ཐེངས་མང་གཉེར་ནས་འཁྱག་ལྡིར་ལུས་རྩལ་གྱིས་མཚོན་པའི་གངས་འཁྱག་ལུས་རྩལ་སྔར་བས་ཁྱབ་གདལ་བཏང་བ་རེད། གླེང་དགོས་པ་ཞིག་ལ། ད་ཐེངས་འགྲན་བསྡུར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཀྲུང་གོའི་འཁྱག་ལྡིར་མཉམ་འབྲེལ་འགྲན་བསྡུར་ཡག་པོ་གཉེར་བ་གོ་སྐབས་སུ་བྱས་ཏེ“ལུས་རྩལ་+”ལ་སྐུལ་འདེད་གཏོང་བར་གཙིགས་ཆེན་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་མཉམ་ལས་དམ་ཟབ་ལ་ཤུགས་སྣོན། འཁྱག་ལྡིར་ལུས་རྩལ་སློབ་གྲྭར་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་པ་མ་ཟད། འཁྱག་ལྡིར་ལུས་རྩལ་བཀོད་སྒྲིག་བྱས་པའི་སློབ་གྲྭ་17ཡོད་པའི་རྨང་གཞིའི་ཐོག་སློབ་གྲྭ་6མང་དུ་བཏང་བ་དང་འབྲེལ་སློབ་གྲྭར་འཁྱག་ལྡིར་མཉམ་འབྲེལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ནས་འཁྱག་ཤུད་དང་འཁྱག་ལྡིར་སོགས་རྣམ་གྲངས་ཁྱབ་གདལ་བཏང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་དང་མཉམ་ལས་གྲོས་མཐུན་ལ་མིང་ཐོ་བཀོད་དེ་འཁྱག་ལྡིར་རྣམ་གྲངས་ཀྱི་ཆེད་ལས་བཙུགས་ཡོད་པ་རེད།