འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བུད་མེད་དམག་མི་བསྡུ་འགོ་ཚུགས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་02ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   རྒྱལ་ཡོངས་དམག་མི(བུད་མེད་དམག་མི)བསྡུ་རྒྱུ་སྟེ།
2024ལོའི་ལོ་སྟོད་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་རྒྱུ་དེ་ཟླ་1ཚེས་1ཉིན་ནས་འགོ་བརྩམས། 
མིང་ཐོ་འགོད་པའི་དུས་ཚོད། 
ལོ་སྟོད་དུ་མིང་ཐོ་འགོད་དུས།2024ལོའི་ཟླ་1ཚེས་1ཉིན་ནས་2024ལོའི་ཟླ་2ཚེས་18ཉིན་གྱི་ཆུ་ཚོད་24བར། 
ལོ་སྨད་དུ་མིང་ཐོ་འགོད་དུས།2024ལོའི་ཟླ་7ཚེས་1ཉིན་ནས་2024ལོའི་ཟླ་8ཚེས་10ཉིན་གྱི་ཆུ་ཚོད་24བར། 
   དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་མཁན། 
ལོ་སྟོད་དུ་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་པ། 
མཐོ་རིམ་སློབ་གྲྭ་དཀྱུས་མ་དང་ཚན་ཞིབ་སྒྲིག་གཞིའི་ཉིན་གང་ལམ་ལུགས་ཀྱི་ད་ལོའི་སློབ་ཐོན་སློབ་མ་དང་དེ་བཞིན་སློབ་གྲྭར་ཡོད་མཁན་སློབ་མ། ལོ་18ནས་22བར་ཡིན།(2002ལོའི་ཟླ་1ཚེས་1ཉིན་ནས་2006ལོའི་ཟླ་12ཚེས་31ཉིན་བར་སྐྱེས་པ།)ཉིན་གང་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མའི་ད་ལོའི་སློབ་ཐོན་སློབ་མ་དང་། སློབ་གྲྭར་ཡོད་མཁན་སློབ་མ། ལོ་26བར་རིང་དུ་བཏང་ཡོད། 2023ལོར་མཐོ་སློབ་དཀྱུས་མའི་ཉིན་གང་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་ལས་ཚན་ཁག་གི་ད་ལོའི་སློབ་ཐོན་སློབ་མས་2024ལོའི་ལོ་སྟོད་ཀྱི་བུད་མེད་དམག་མི་བསྡུ་བའི་ནང་ཞུགས་རྒྱུའི་མིང་ཐོ་འགོད་ཆོག་པ་དང་། ལོ་ཚད་ལོ་23བར་རིང་དུ་བཏང་ཡོད། 
   ལོ་སྨད་དུ་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་པ།
མཐོ་རིམ་སློབ་འབྲིང་དཀྱུས་མའི་ད་ལོའི་སློབ་ཐོན་སློབ་མ་དང་། མཐོ་རིམ་སློབ་གྲྭ་དཀྱུས་མ་དང་ཚན་ཞིབ་སྒྲིག་གཞིའི་ཉིན་གང་ལམ་ལུགས་ཀྱི་ད་ལོའི་སློབ་ཐོན་སློབ་མ། དེ་བཞིན་སློབ་གྲྭར་ཡོད་མཁན་སློབ་མ་བཅས་ལོ་18ནས་22བར།(2002ལོའི་ཟླ་1ཚེས་1ཉིན་ནས་2006ལོའི་ཟླ་12ཚེས་31ཉིན་བར་སྐྱེས་པ།)ཉིན་གང་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མའི་ད་ལོའི་སློབ་ཐོན་སློབ་མ་དང་། དེ་བཞིན་སློབ་གྲྭར་ཡོད་མཁན་སློབ་མ་ལོ་26བར་རིང་དུ་བཏང་ཡོད། 
   སྐྱིན་གསབ་ཚབ་འཇལ་སྲིད་ཇུས།  
དམག་སྐུལ་དང་ལེན་བྱེད་མཁན་སློབ་ཆེན་དཀྱུས་མའི་སློབ་ཐོན་སློབ་མ་དང་། མཐར་ཕྱིན་འཛིན་གྲྭའི་སློབ་མ། སློབ་གྲྭར་ཡོད་མཁན་སློབ་མ་བཅས་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་དེ་མཚུངས་ཀྱི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་འཇལ་བྱེད་དགོས། ལོ་དེར་མཐོ་སློབ་ཀྱིས་བསྡུས་ཟིན་པའི་མཐོ་འབྲིང་གི་སློབ་ཐོན་སློབ་མ་དམག་ལ་ཞུགས་རྗེས། སློབ་ཞུགས་ཐོབ་ཐང་སོར་འཇོག་བྱེད་པ་དང་། དམག་ཞབས་ཐིམ་རྗེས་རྒྱལ་ཁབ་ཀྱི་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག 
དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་སྟངས། 
རྒྱལ་ཡོངས་དམག་བསྡུའི་དྲ་བ། 
www.gfbzb.gov.cn
   དེ་མིན།  རྒྱལ་ཡོངས་དམག་མི(སྐྱེས་པ་དམག་མི)བསྡུ་རྒྱུ་སྟེ།
2024ལོར་དམག་སྐུལ་དང་ལེན་གྱི་མིང་ཐོ་ཡང་ད་ལྟ་འགོད་བཞིན་པའི་སྒང་རེད། 
ཁྱིམ་སྲུང་རྒྱལ་སྐྱོབ། མཚོ་སྲུང་མཁའ་སྐྱོབ། 
སེམས་ལ་བསམ་པ་ལས་ལག་ལེན་བསྟར་རྒྱུ་གལ་ཆེ།