འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟག་རྒན་འདིར་བརྟག་དཔྱད་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་28ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀོང་ཀྲོའུ་ལུས་རྩལ་སློབ་གླིང་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཞུས་ཙུང་ཞང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། མིག་སྔར་ཀོང་ཏུང་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 
     ཞུས་ཙུང་ཞང་གི་ལོ་རྒྱུས་མདོར་བསྡུས། 
     ཞུས་ཙུང་ཞང་། སྐྱེས་པ། རྒྱ་རིགས། 1953ལོའི་ཟླ་7པར་སྐྱེས། ཀོང་ཏུང་དབྱང་ཅང་ནས་ཡིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 1972ལོའི་ཟླ་10པར་ལས་ཀར་ཞུགས། 1983ལོའི་ཟླ་6པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། 
     སྔ་ཕྱིར་ཀྲུང་ཧྲན་གསོ་རིག་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ། ཀྲུང་ཧྲན་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་སློབ་གཙོ་གཞོན་པ། ཀོང་ཀྲོའུ་ལུས་རྩལ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་། ཀོང་ཀྲོའུ་ལུས་རྩལ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 2017ལོའི་ཟླ་3པར་ལས་འཁྱུར་ངལ་གསོ་བྱས།