འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སང་ལོར་གསེར་གོང་ཆེས་ཆེར་འཕར་སྲིད་དམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་28ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་སྤྱིའི་གསེར་གོང་གཟའ་མིག་དམར་སྔར་བཞིན་འཕར་བ་དང་། ཉིའུ་ཡོག་ཚོང་ཟོག་ཉོ་ཚོང་ཁང་གི་གསེར་གྱི་དུས་བཅད་ཚོང་ཟོག་གི་ཁྲོམ་རའི་དངུལ་འཇོག་འཁྲུག་ཆ་དོད་ཤོས་ཀྱི་ཕྱི་ལོའི་ཟླ་2པའི་གསེར་གྱི་རིན་གོང་དེ་ཨང་སི་རེར་ཨ་སྒོར་2069.8ཡིན་པ་དང་འཕར་ཚད་0.03%ཟིན་ཡོད། སང་ལོའི་གསེར་གོང་གི་འཕེལ་ཕྱོགས་ཐད། རྒྱལ་སྤྱིའི་ནོར་དཔལ་དྲ་ཚིགས་FX Empireགྱི་དབྱེ་ཞིབ་པས། གོ་ལ་ཧྲིལ་པོར་རྒྱུན་མཐུད་དུ་ས་འབྲེལ་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཡིན་པ་དེས་མ་དངུལ་འཇོག་མཁན་ལ་དེ་བས་བདེ་འཇགས་ཀྱི་རྒྱུ་ནོར་ལ་མ་དངུལ་འཇོག་རྒྱུ་ཁྲིད་སྟོན་བྱས་ནས་གསེར་གྱི་གོ་གནས་སྔར་ལས་བརྟན་དུ་བཏང་ཡོད། 
     དེ་དང་ཆབས་ཅིག ཡོ་རོབ་དང་ཨ་རི་སོགས་ཀྲུང་དབྱང་དངུལ་ཁང་གཙོ་བོས་སང་ལོར་སྤྱོད་པའི་དངུལ་ལོར་སྲིད་ཇུས་ཀྱིས་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ནས་གསེར་གོང་གི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། མིག་སྔར། ཁྲོམ་རར་ཡོངས་ཁྱབ་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་སང་ལོར་སྐྱེད་ཀ་ཐེངས་གསུམ་གཅོག་རྒྱུ་ཡིན་ལ། འདིས་ཨ་སྒོར་དང་ཨ་རིའི་རྒྱལ་བུན་ཁེ་འབབ་ཀྱི་ཚད་མར་ཆག་པའི་གནོན་ཤུགས་བཟོ་སྲིད། དེས་གསེར་གྱི་རིན་གོང་འདེགས་སྐྱོརབྱེད་སྲིད། ཕྱོགས་བསྡུས་ནས་བལྟས་ཚེ། ལས་རིགས་གཅིག་པའི་མི་སྣས་རྒྱལ་སྤྱིའི་གསེར་གྱི་རིན་གོང་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཅུང་ཆེ་བ་དང་། ཡང་ཅིག་ན་ཨང་སི་རེར་ཨ་སྒོར་2500ཟིན་རྒྱུ་རེད་ཅེས་སྔོན་དཔག་བྱས་པ་རེད།