༄༅།།སྐུ་མགྲོན་གྱིས་ཁ་པར་རྙིང་པ་108འཁྱེར་ཡོད་པ་རྩད་ཆོད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 12ཚེས་28ཉིན། 13:55】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཧོང་ཀང་འགག་སྒོ་ལས་ཁུངས་ཀྱིས་ཕུའུ་ཐན་འགག་སྒོ་རུ་མགྲོན་པོར་ཞིབ་བཤེར་བྱེད་སྐབས། འགྲུལ་པ་ཞིག་གིས་གློག་སྒུལ་རྐུབ་སྟེགས་འཁོར་ལོའི་ནང་ལག་ཐོགས་ཁ་པར་རྙིང་པ་108འཁྱེར་བ་རྩད་ཆོད་པ་རེད།
འགྲུལ་པ་ཞིག་གློག་སྒུལ་རྐུབ་སྟེགས་འཁོར་ལོའི་ནང་བསྡད་དེ་ཕུའུ་ཐན་འགག་སྒོའི་འགག་སྒོ་བརྒྱུད་པ་དང་། འགག་སྒོའི་ལྟ་ཞིབ་དོ་དམ་ཁུལ་བརྒྱུད་སྐབས། ངོ་གདོང་འགྱུར་བ་མཐོང་འཕྲལ་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་འཕྲལ་མར་བཀག་འགོག་ཞིབ་བཤེར་བྱས། འགྲུལ་པ་དེས་སྤྱོད་པའི་རྐུབ་སྟེགས་འཁོར་ལོའི་གློག་སྒམ་གྱི་གཅུས་གཟེར་ལྷུག་དུ་ཕྱིན་པ་མཐོང་ནས། བསྐྱར་བཅོས་བྱས་ངེས་པའི་དོགས་པ་བྱུང་། དེ་འཕྲལ་རང་ས་ཉིད་དུ་བཤིག་རྗེས། རྐུབ་སྟེགས་འཁོར་ལོའི་གློག་རྫས་སྒམ་ནང་གི་ཐུམ་སྒྲིལ་ཁུག་མར་ལག་ཐོགས་ཁ་པར་རྙིང་པ་མང་པོ་བླུགས་ཡོད་པ་ཤེས། རང་སར་བཤེར་བས་ཁྱོན་བསྡོམས་108ཡོད་པ་རེད།