འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་སྒྲིག་གཞི་དང་མི་འདི་དག་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་བསྒྲགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་27ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་12ཚེས་26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་གཏན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པས་ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཞིན་ཅང་དང་འབྲེལ་བའི་ལོ་འཁོར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཡོངས་བསྒྲགས་བྱས་ནས། ཀྲུང་གོའི་དཔོན་རིགས་2དང་ཁེ་ལས་3བཀག་སྡོམ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་གྱི་བྱེད་ཐབས་མཐའ་གཅིག་ཏུ་སྤྱོད་རྒྱུ་ཡིན་ཞེས་བརྗོད་ཡོད། མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱི་ཞིབ་ཕྲའི་ངོ་རྒོལ་བྱེད་ཐབས་ངོ་སྤྲོད་བྱེད་ཐུབ་བམ་ཞེས་དྲིས། 
     མའོ་ཉིང་གིས། ཨ་རི་ཕྱོགས་ཀྱིས་ཞིན་ཅང་དང་འབྲེལ་བའི་གནས་ཚུལ་རྫུན་མ་བསྐྱར་དུ་བསྒྲགས་ནས། ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོ་ཕྱོགས་ཀྱི་དཔོན་རིགས་དང་ཁེ་ལས་ལ་ཁྲིམས་འགལ་ངང་བཀག་སྡོམ་བྱས་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་བ། ཀྲུང་གོ་ཕྱོགས་ཀྱི་སྣང་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པ། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་དཔོན་རིགས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ལ་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་ཡོད། 
     《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས》ལ་གཞིགས་ནས། ཀྲུང་གོ་ཕྱོགས་ཀྱིས་ཞིན་ཅང་དང་འབྲེལ་བ་ཡོད་པའི་ཚོར་སྣང་སྐྱེན་པའི་ཆ་འཕྲིན་ཡུན་རིང་འཚོལ་བསྡུ་དང་། ཨ་རི་ཕྱོགས་ཀྱི་ཞིན་ཅང་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བཀག་སྡོམ་ལ“གཞི་འཛིན་ས”མཁོ་འདོན་བྱེད་མཁན་ཨ་རིའི་གསང་འཕྲིན་གཞི་གྲངས་ཀུང་སི་ཁ་ལུང(Kharon)སོགས་སྒྲིག་གཞི་1དང་། ཁ་ལུང་ཀུང་སིའི་བརྟག་དཔྱད་ཀྲུའུ་རེན་ཞུས་མོང་དང་། དེ་སྔའི་ཨ་རིའི་མཐོ་རིམ་རྒྱལ་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཉི་ཁེའར·མོ་ཀེ་ལེ་ཐེ(Nicole Morgret)སོགས་མི་2ལ་རྒོལ་ཐབས་སྤྱད་དེ། གོང་གསལ་མི་གཉིས་ཀྲུང་གོར(སྐམ་ས་ཆེན་མོ་དང་ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ཚུད)འཛུལ་རྒྱུ་བཀག་འགོག་བྱས་པ་དང་། གོང་གསལ་ཀུང་སི་དང་མི་སྒེར་གྱི་ཀྲུང་གོའི་ས་ཁོངས་ནང་གི་འགྱུར་དངོས་དང་བརྟན་ནོར། རྒྱུ་ནོར་གཞན་དག་བཅས་བསྡམས་བཅད་བྱས་ནས། ཀྲུང་གོའི་མངའ་ཁོངས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་དེ་དང་འབྲེལ་ཡོད་ཉོ་ཚོང་དང་མཉམ་ལས་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱས་ཡོད། 
     ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོར་དམའ་འབེབས་བྱེད་མཚམས་འཇོག་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་དཔོན་རིགས་དང་ཁེ་ལས་ལ་ཁྲིམས་དང་མི་མཐུན་པར་ཕྱོགས་རྐྱང་པའི་ཐོག་ནས་བཀག་སྡོམ་བྱས་པ་ཕྱིར་འཐེན་བྱེད་པ། “ཡུ་གུར་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པའི་སྔོན་འགོག་བཅའ་ཁྲིམས”ཟེར་བ་སོགས་ནོར་འཁྲུལ་གྱི་ཁྲིམས་དོན་གྲོས་གཞི་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་སྐུལ་མ་ཡང་བསྐྱར་གཏོང་རྒྱུ་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།