འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགག་སྒོ་ནས་གྲི་6རྩད་ཆོད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་27ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འགག་སྒོ་ནས་གྲི་6རྩད་ཆོད་འདུག
   ཉེ་ཆར། ཀོང་ཀྲོའུ་འགག་སྒོ་ནས་རྒྱལ་ཁོངས་ནང་དུ་འཛུལ་བའི་སྦྲག་ཟམ་གྱི་བརྒྱུད་ལམ་ནས་བཀག་སྡོམ་བྱས་པའི་གྲི་6རྩད་ཆོད་པ་རེད། མིག་སྔར་དོན་དེ་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན།
   ཟླ་12ཚེས་11ཉིན། ཀོང་ཀྲོའུ་འགག་སྒོའི་ཁོངས་སུ་གཏོགས་པའི་ཀོང་ཀྲོའུ་སྦྲག་སྲིད་ཅུས་ཀྱི་འགག་སྒོའི་ལས་བྱེད་མི་སྣས་རྒྱལ་ཁོངས་ནང་འཛུལ་བའི་སྦྲག་རྫས་ཁག་གཅིག་ལ་ལྟ་སྐུལ་དོ་དམ་བྱེད་སྐབས། “གཅུས་གཟེར་གྲི”ཞེས་འདུན་ཞུ་བྱས་པའི་རྒྱལ་ཁོངས་ནང་དུ་འཛུལ་བའི་སྦྲག་རྫས་ཤིག་ལ་འཕྲུལ་འཁོར་གྱིས་ཞིབ་བཤེར་བྱེད་སྐབས་པར་རིས་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་།  གོམ་གང་མདུན་སྤོས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། འབྲེལ་ཡོད་མི་སྣས་སྦྲག་རྫས་ནང་རིང་ཐུང་མི་འདྲ་བའི་གྲི་ཤུབས་དང་གློ་གྲི་ཆས་ཁག་གཅིག་ཡོད་པ་དང་། ཚང་མར་གྲི་ཁ་བཏོད་ཡོད་པ་མ་ཟད་ཧ་ཅང་རྣོན་པོ་ཡིན། དེའི་ནང་གི་གྲི་རིང་ཤོས་ལ་ལི་སྨི་68ཡོད་པ་ཤེས་རྟོགས་བྱུང་བ་རེད། འབྲེལ་ཡོད་སྡེ་ཁག་གིས་གསལ་འབྱེད་བྱས་པ་བརྒྱུད། གྲི་འདི་དག་ཚང་མ་བཀག་སྡོམ་བྱས་པའི་གྲི་རིགས་ཡིན་པ་རྟོགས།
   འགག་སྒོས་དྲན་སྐུལ་བྱས་དོན།བཀག་སྡོམ་བྱེད་ཁོངས་སུ་ཚུད་པའི་གྲི་རིགས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཚོད་འཛིན་བྱེད་པའི་དངོས་རྫས་རེའུ་མིག》ནང་འཁོད་པའི་“འགག་སྒོས་ཕྱིར་གཏོང་ནང་འདྲེན་བྱེད་པར་ཚོད་འཛིན་བྱེད་པའི་དངོས་རྫས་གཞན་དག”ཡིན་ཞིང་། ཆོག་མཆན་མ་ཐོབ་པར་རང་མཚམས་ཀྱིས་སྦྲག་ཐོག་ནས་བསྐུར་མི་ཆོག་པ་དང་རྒྱལ་མཚམས་ཕྱི་ནང་ལ་འཁྱེར་མི་ཆོག