འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདིར་ལོ་13རིང་བཙོན་འཇུག་གི་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་27ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི། ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ཟུར་པ་ཧུའུ་ཝུན་མིང་གིས་ལྐོག་རྔན་བླངས་པ་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་དེ་2023ལོའི་ཟླ་12ཚེས་26ཉིན་གྱི་སྔ་དྲོར། ཧྲང་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཡོངས་བསྒྲགས་ཐོག་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཧུའུ་ཝུན་མིང་ལྐོག་རྔན་བླངས་པའི་མིང་ཐོག་ནས་ལོ་བཅུ་གཉིས་རིང་དུས་བཀག་བཙོན་འཇུག་བྱ་རྒྱུ་མ་ཟད། དངུལ་ཆད་ཀྱང་མི་དམངས་ཤོག་སྒོར་ཁྲི་ལྔ་བརྒྱ་གཅོད་རྒྱུ་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་མིང་གི་ཐོག་ནས་ལོ་གསུམ་རིང་དུས་བཀག་བཙོན་འཇུག་གི་ཆད་པ་བཅད་དེ། ལོ་བཅུ་གསུམ་རིང་དུས་བཀག་བཙོན་འཇུག་བྱ་རྒྱུ་མ་ཟད། དངུལ་ཆད་ཀྱང་མི་དམངས་ཤོག་སྒོར་ཁྲི་ལྔ་བརྒྱ་གཅོད་རྒྱུའི་ཐག་བཅད་པ་དང་། 
   ཧུའུ་མིན་གྱིས་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་དེའི་འཕེལ་སྐྱེད་གྱོད་ཐོ་རུ་བཀོད་ཅིང་བཀག་ཉར་བྱས་རིགས་ཕྱིར་སློག་ཏུ་བཅུག་ནས་རྒྱལ་མཛོད་དུ་འབུལ་རྒྱུ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་འབྲེལ་དངུལ་ཐོ་རུ་བཀོད་རིགས་གྱོང་གུན་ཕོག་པའི་འབྲེལ་ཡོད་སྡེ་ཚན་ལ་ཕྱིར་བསློག་རྒྱུ་རེད། 
   འདྲི་ཞིབ་བྱས་ནས་རྩད་ཆོད་བྱུང་དོན་དུ། 2001ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཧུའུ་ཝུན་མིང་གིས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་དང་པོའི་སུའུ་ཀྲོའུ་ཁྲང་ཧྥུང་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་དང་སྤྱི་ཁྱབ་ཅིང་ལིའི་འགན་གཅིག་ལྕོགས། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སི་དང་པོའི་འཕྲུལ་ཆས་སྒྲིག་ཆས་པུའི་འགོ་འཛིན། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་དང་པོའི་ཏང་ཙུའུ་ཡི་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མི། སྤྱི་ཁྱབ་ཅིང་ལི་གཞོན་པ། ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི། སྤྱི་ཁྱབ་ཅིང་ལི་གཞོན་པ ། ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན། ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་སོགས་པའི་གོ་གནས་ཐད་ཀྱི་སྟབས་བདེའམ་འགན་དབང་དང་། གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། 
   འབྲེལ་ཡོད་ཚན་པ་དང་སྒེར་པར་ལས་གྲྭའི་འགན་གཙང་ལེན་དང་། ལས་སྒོའི་མཉམ་ལས། རྒྱུ་ནོར་ཉོ་སྒྲུབ། ལས་བྱེད་པ་གནས་སྤོར། དངུལ་འཛིན་བསྡུ་རུབ་སོགས་ཀྱི་ཐད་རོགས་རམ་བྱས་ནས་ཁྲིམས་དང་འགལ་ཏེ་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་5986ལྷག་ཙམ་བླངས་པའི་ནང་སྒོར་ཁྲི་995ལྷག་ཙམ་དངོས་སུ་རག་མེད་པ་དང་། 2013ལོ་ནས་2015ལོའི་བར། ཧུའུ་ཝུན་མིང་གིས་ཀྲུང་གོ་གྲུ་གཟིངས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་གྱི་འགན་འཁུར་རིང་། གཞན་གྱི་མངགས་བཅོལ་དང་ལེན་བྱས་ཏེ་འབྲེལ་ལྐོག་རྔན་ཡང་བླངས་པ་རེད། ཚོགས་པ་དེའི་ཁོངས་གཏོགས་ཀུང་སིའི་རྒྱུ་ནོར་བསྐྱར་སྒྲིག་བྱེད་པའི་བརྒྱུད་རིམ་ནང་རྐང་བཙུགས་ནས། གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་དོ་དམ་གྱི་འགན་འཁྲི་ལས་འགལ་ཏེ་སྒྲིག་སྲོལ་དང་མ་མཐུན་པར་དམངས་གཉེར་གྲུ་གཟིངས་བཟོ་གྲྭའི་རྒྱུ་ནོར་ཉོ་སྒྲུབ་བྱས་པས་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད།
   ཧྲང་ཧའེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞུ་སྦྱོར་ཕྱི་མ་བ་ཧུའུ་ཝུན་མིང་གི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་དང་རྒྱལ་ཁབ་ལ་དབང་བའི་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་སུ་གྲུབ་པར་ངོས་འཛིན།  རང་སྣང་གང་ཤར་གྱིས་ལྐོག་རྔན་བླངས་པ་གྲངས་འབོར་ཧ་ཅང་ཆེ་བ་དང་། ཉེར་ཕྱོགས་གཡོ་ཟོལ་བྱས་པའི་དབང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་རིགས་ཚང་མར་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་མ་ཟད་ཉེས་ཆད་ཀྱང་གཅོད་དགོས།
   ཧུའུ་ཝུན་མིང་གིས་རྒྱུ་རྔན་ཟ་ལེན་བྱས་ཀྱང་ཁག་གཅིག་མ་འགྲུབ་པ་དང་། འགན་དབང་གང་བྱུང་དུ་སྤྱད་ནས་གྱོང་གུན་བཟོས་རིགས་ཚང་མ་ཕྱིར་ལེན་ཐུབ་པ། གྱོད་ཐོ་བཀོད་རྗེས་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ། གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ཆ་རྒྱུས་མ་ལོན་པའི་རྒྱུ་རྔན་ཟ་ལེན་གྱི་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ། ནག་ཉེས་ངོས་ལེན་བྱས་པ། བརྐུས་ནོར་ཕྱིར་སློག་ཧུར་ཐག་བྱས་པ། ཁྲིམས་འགལ་གྱི་དངུལ་དང་དངོས་རིགས་ཚང་མ་ཞིབ་བཤེར་དང་བཀག་ཉར་བྱས་པ། གཞན་པ་ཐེར་འདོན་བྱས་ཏེ་བྱས་རྗེས་ཆེན་པོ་བཞག་པ་དང་། ཁྲིམས་འཁོད་དང་གོང་གསལ་གྱི་ཉེས་པ་བསགས་པར་ཉེས་ཆད་ཡང་བཟོས་བཏང་ཆོག་པའི་བྱེད་སྤྱོད་ལྡན་པས། ཁྲིམས་ཁང་གིས་དཔྱད་མཚམས་གོང་གསལ་བཞིན་བཏང་བ་ཡིན།