འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགག་རྩའི་དུས་སུ་ཏང་ཡོན་ནི་བློ་གཏད་བཅོལ་ས་དང་མདུན་ལ་ཤོར་མཁན་ཞིག་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་27ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཆའོ་ཏུང་། ཝང་མེས། ཅ་ཕུང་ཕུང་།
   “ང་ཚོས་མི་གསུམ་ཙམ་ལས་བསྐྱབས་ཐུབ་མ་སོང་། སྐབས་དེ་དུས་ཐབས་ཤེས་མི་འདུག” འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད། ཟླ་12ཚེས་24ཉིན་གྱི་ཆུ་ཚོད་18བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཀྲུང་ཁྲོན་ཤང་ཚའོ་ཐང་གྲོང་ཚོའི་གྲོང་མི་གཅིག་འཚོལ་སྐྱོབ་བྱེད་བཞིན་ཡོད་ལ། ཚའོ་ཐང་གྲོང་ཚོའི་གནས་སྐབས་ཏང་ཡོན་གྱི་བྱེད་སྒོ་སྤེལ་སའི་གུར་ནང་དུ་གྲོང་མི་ཚོས་དངངས་འཚབ་ངང་བསྒུགས་ཏེ་མིག་ལ་མཆི་ཞག་འཁོར་ནས་འདུག
   ས་ཡོམ་བརྒྱབ་རྗེས་ཚའོ་ཐང་གྲོང་ཚོའི་ཏང་ཡོན་ཁག་གཅིག་མགྱོགས་མྱུར་ཁྱིམ་ནས་ཐོན་ཏེ་ཁྱིམ་དུད་རེ་རེ་བཞིན་སྒོ་བརྡུངས་ཏེ་གྲོང་མི་འཕྲལ་མར་ཁ་འགྲེམ་བྱས། ཚང་མ་ག་བྱེད་འདི་བྱེད་མེད་པའི་སྐབས་ཁང་པ་ཁག་གཅིག་འདམ་རྫབ་ཀྱིས་བསྣུབས། སྐར་མ་ཁ་ཤས་སོང་རྗེས། ཚའོ་ཐང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་གྲོང་མི་སྒྲིག་འཛུགས་བྱས་ཏེ་རང་སྐྱོབ་བྱས་པ་དང་། གྲང་ངར་ཆེ་བའི་མཚན་མོར་སྦྱག་མ་དང་འཇོར་སོགས་མ་རྙེད་ཀྱང་། ཚའོ་ཐང་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆི་མིང་ཧྲོའུ་དང་ཏང་ཡོན་ཆི་ཅིན་ཚའེ་ཡིས་གྲོང་མི་དང་མཉམ་དུ་ལག་པས་འདྲུས་པ་སོགས་བྱས་ཏེ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ནང་ཕྲུ་གུ་གཉིས་དང་ཕྲུ་གུའི་ཨ་མ་བདེ་བླག་ངང་བསྐྱབས། དེ་དང་དུས་མཚུངས“ཚའོ་ཐང་ཤེས་དཔལ་གྲོང་ཚོའི་སྐད་འཕྲིན་ཚོགས་པ”ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་དབྱིང་ཀོང་གིས་ཚང་མར་རང་ཉིད་ཀྱི་ནང་མིའི་གནས་ཚུལ་ཞུ་དགོས་པའི་བརྡ་ཐོ་ཡང་ཡང་བཏང་བ་མ་ཟད། གྲོང་མི་ཚོར་སེམས་གསོ་བཏང་བ་དང་ཆབས་གཅིག་རོགས་སྐྱོབ་བསྒུགས་ནས་སྡོད་དགོས་ཞེས་བཤད།
   གནོད་སྐྱོན་བྱུང་ཚུལ་ནི་བཀའ་རྒྱ་ཞིག་ཡིན། མིན་ཧོ་རྫོང་གི་རྫོང་རིམ་པའི་འགོ་ཁྲིད་31འཕྲལ་དུ་ཀྲུང་ཁྲོན་ཤང་དང་ཀོན་ཐིང་གྲོང་རྡལ་དུ་འཛོམས་ནས་གེགས་སེལ་གྱི་གནས་ཚུལ་མཐིལ་རྟོགས་བྱས་པ་མ་ཟད། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལས་དོན་ཚོགས་ཆུང་10ལ་བགོས་ཏེ་རེས་སྐོར་བྱས་ནས་འཚོལ་སྐྱོབ་ལས་ལ་གཞོལ། ཀོན་ཐིང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས“འཕྲལ་དུ་བརྡ་གཏོང་བ་དང་འཕྲལ་དུ་བརྡ་ལན་ཞུ་བའི”ལམ་སྲོལ་བཙུགས་ཏེ་གྲོང་རྡལ་མངགས་གཏོང་ཁང་དང་། ཁྲིམས་འཛིན་ཁང། གྲོང་ཚོ་ཁག་གི་ཏང་ཀྲི་པུའུ་བཅས་དང་མཉམ་འབྲེལ་བྱས་ནས་རྒན་རྒོན་དང་། ནད་པ། དབང་པོ་སྐྱོན་ཅན་བཅས་དམིགས་བསལ་ཚོགས་སྤྱིར“གཅིག་གཏད་གཅིག”གི་བྱེད་ཐབས་ནས་ཛ་དྲག་ངང་ཉེན་གཡོལ་དང་། གནས་སྤོ་བཀོད་སྒྲིག སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་རེད། ཡོམ་ལྡིག་གྲོང་ཚོ་དང་། བཀོད་སྒྲིག་བྱ་ཡུལ་ཁག ཤར་གཏོང་ཐུབ་པའི་ལས་ཡུལ་བཅས་སུ་མིན་ཧོ་རྫོང་གི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་ཚན་ཚོགས་ཆུང་གིས་རོགས་སྐྱོབ་སྒྲིག་འཛུགས་དང་། དངོས་ཟོག་བགོ་བ། མང་ཚོགས་ལ་སེམས་གསོ་གཏོང་བ། འགལ་ཟླ་ཐག་གཅོད་བཅས་བྱས་པས་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་དང་སྲོག་ཤིང་དུ་གྱུར།
   “ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་འདུག་གམ། གུར་ནང་དུ་དྲོ་པོ་འདུག་གམ”ཞེས་ཚའོ་ཐང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཧྲུའུ་ཅི་ཧོ་དབྱིང་ཀོང་དང་ཚའོ་ཐང་གྲོང་ཚོའི་ཏང་ཡོན་13གྱིས་ཉིན་ལྟར་ཡང་ཡང་འདྲི་གི་ཡོད། ཚའོ་ཐང་གྲོང་ཚོའི་གནས་སྐབས་ཏང་ཀྲི་པུའི་གུར་ནི་བར་བརྒྱུད་ས་ཚིགས་སུ་གྱུར་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་འབྱོར་བའི་དངོས་ཟོག་རྒྱུན་ཆད་མེད་པར་ཀྲུང་ཁྲོན་ཤང་དུ་དབོར་བ་དང་དེ་རྗེས་ཚའོ་ཐང་གྲོང་ཚོ་སོགས་གནོད་འཚེ་ཕོག་པའི་གྲོང་ཚོར་བགོས་ཀྱི་ཡོད། “དངོས་ཟོག་དེ་དག་ལ་ཚང་མའི་དྲོ་སྐྱིད་དང་གཅེས་སེམས་མཚོན་ཡོད། ང་ཚོས་ངེས་པར་དུ་གྲོང་མི་ཚོའི་ལག་ཏུ་སྤྲོད་དགོས” ཀམ་པ་ལི་དང་། དྲོད་གདན། རྡོ་སོལ། སྲིང་བལ་ཏ་དབྱི་བཅས་ཚའོ་ཐང་གྲོང་ཚོར་འབྱོར་བའི་དངོས་ཟོག་ཚང་མ་ཆིང་ཅིན་ཚའེ་དང་སྡོད་བྱའི་ཏང་ཡོན་བློ་མཐུན་གྱིས་རེ་རེ་བྱས་ནས་ཐོ་བཀོད་དེ་ཆུ་ཚོད་24རེས་སྐོར་བྱས་ནས་སྡོད་བྱ་བྱེད་པ་དང་ལྷོད་གཡེང་གཏན་ནས་གཏོང་གི་མེད། “འགག་རྩའི་དུས་སུ་ཏང་ཡོན་དོན་དགོས”ཞེས་ཆི་ཅིན་ཚའེ་ཡིས་བཤད།
   “ཏང་ཀྲི་པུའུ་གུར་ནང་དུ་ཡོད་པས་ང་ཚོས་ག་དུས་ཡིན་ཡང་ཁོང་ཚོ་འཚོལ་ཐུབ་པས་བློ་བདེ་པོ་འདུག”ཅེས་རྨ་ལྷོ་ཀྲོའུ་ནས་ཚའོ་ཐང་གྲོང་ཚོར་མནའ་མར་སྟེར་བའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་གུར་གྱི་ཕྱི་རོལ་དུ་བཀལ་བའི་ཏང་དར་ལ་མཛུབ་མོ་བཙུགས་ནས་དེ་ལྟར་བཤད།
   “ཏང་ཡོན་གྱི་མྱུར་སྐྱོབ་རུ་ཁག”དང་། “ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག” “ཏང་ཡོན་གྱི་ཞབས་འདེགས་རུ་ཁག”“ཏང་ཡོན་གྱི་གདོང་ལེན་རུ་ཁག་”སོགས་ཡོམ་འགོག་གེགས་སེལ་གྱི་ཉིན་མཚན་ཀུན་ཏུ་ཏང་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འཐབ་འཛིང་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་གང་ཐུབ་བྱས་ཡོད།
   མིན་ཧོ་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་ཏང་ཡོན་དཔུང་ཁག་ཚའོ་ཐང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་དགའ་བསུ་ཐོབ་པའི“མ་བྱན་”ལྟ་བུར་གྱུར་ཞིང་། སློབ་སྤྱི་མཱ་ཞུའེ་ཀྲེས“གྲོང་མི་ཚོར་ལྟོ་ཚ་པོ་ཞིག་སྟེར་ཐུབ་མིན་ལ་བསམ་བློ་འཁོར་ནས་གཉིད་ཀྱང་ཁུག་ཁག་པོ་འདུག དེ་གར་ལྟོ་བཟོ་མཁན་ཚང་མ་ནི་ཏང་ཡོན་ཤ་སྟག་ཡིན”ཞེས་བཤད། ཚེས་20ཉིན་མཱ་ཞུའེ་ཀྲེས་སློབ་གྲྭའི་དགེ་རྒན་དང་ཟ་ཁང་གི་ལས་དོན་མི་སྣ་སྒྲིག་འཛུགས་དང་སྐུལ་སློང་བྱས་པ་མ་ཟད། ད་དུང་ཁག་གཅིག་ནི་གཡོས་སྦྱོར་ཆེད་ལས་སློབ་མ་ཁག་གཅིག་གིས་བཙུགས་པའི“ཏང་ཡོན་གྱི་གཅེས་སེམས་ཟ་ཁང”ནས་རེད། གཙོ་བོ་གེགས་ཁུལ་མང་ཚོགས་ལ་འཐེན་ཐུག་དང་ཚལ་སོགས་བཟོ་གི་ཡོད། ཁོང་གིས“ཏང་ཡོན་8ཀྱིས་ཏང་ཡོན་གྱི་ནུས་པ་བཏོན་པ་མ་ཟད། དངུལ་འདོན་དགོས་སར་དངུལ་བཏོན་པ་དང་ནུས་ཤུགས་འདོན་དགོས་སར་ནུས་ཤུགས་བཏོན་ཏེ་འགག་རྩའི་དུས་སུ་འཐབ་ས་དང་པོར་བསྐྱོད་ཡོད”ཅེས་བཤད།
   སྒྲིག་ཁང་ནང་ཉལ་ཁྲི་དང་། གཙང་ལ་མཐུག་པའི་སྲིང་བལ་ཉལ་ཆས། མེ་ཐབ་བཅས་བཀོད་སྒྲིག་བྱས་ཡོད། “ཆུ་ཚོད་24ཡི་ནང་སྒྲིག་ཁང་100བརྒྱབ་ནས་ཚང་མ་སྤོས་ཟིན”ཞེས་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ཤིས་ཨན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེང་པོས་ངོ་སྤྲོད་བྱས། “གནོད་སྐྱོན་བྱུང་ཚུལ་ནི་འཛོམས་བརྡ་ཡིན། ང་ཚོས་ལན་ཀྲོའུ་དང་། ཤིས་ཨན། གྲོང་ནུབ་ལྕགས་ལམ་བཅས་ནས་ཁྱོན་མི་196སྒྲིག་འཛུགས་བྱས་ཏེ་ཚའོ་ཐང་གྲོང་ཚོ་སོགས་གྲོང་ཚོ་གསུམ་ལ་སྒྲིག་ཁང་བརྒྱབ་ཡོད། གེགས་ཁུལ་མང་ཚོགས་མི་འཁྱག་པ་བྱ་ཆེད། ཚང་མས་ཆུ་ཚོད་48རིང་ངལ་གསོ་བརྒྱབ་མེད་ལ། འགག་རྩའི་དུས་སུ་ཏང་ཡོན་མདུན་དུ་ཤོར་མཁན་དང་མང་ཚོགས་ཀྱི་བློ་གཏད་བཅོལ་ས་རེད” ཅེས་ཁྲེང་པོའོ་ཡིས་བཤད།