འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱིས། མ་དངུལ་འབོར་ཆེན་བཏང་ནས་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་ཀྱི་
གསོན་ཤུགས་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་27ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་12ཚེས་14ཉིན། གསར་འགོད་པར་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་ཤར་གྲོང་ཁྱེར་གྱིས་ཐུན་མོང་མིན་པའི་དགེ་མཚན་ཆེ་རིགས་ལ་གང་ལེགས་བརྟེན་ནས“ཤར་གྲངས་ནུབ་རྩིས”ཀྱི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་ཕུགས་ལ་དམིགས་ནས་འཆར་འགོད་བཀོད་སྒྲིག་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྔར་ན་མེད་པའི་སྐུལ་འདེད་གཏོང་བ། མ་དངུལ་འབོར་ཆེན་བཏང་ནས་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་གཏོད་པ་བཅས་བྱས་པས་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་གྲངས་འབོར་ཧ་ཅང་མང་དུ་ཕྱིན་པ་དང་སྤུས་ཚད་ཀྱང་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད།
   མཚོ་ཤར་གྲོང་ཁྱེར་གྱིས་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་པོས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་མཚོ་ཤར་གྲོང་ཁྱེར་གྱི་གཙོ་ཁྲིད་རང་བཞིན་གྱི་གནས་བབ་ཁ་གསལ་བཟོས་ནས་གྲངས་གཞི་ཆེ་མོའི་ཐོན་ལས་གླིང་གི་གཡུལ་ས་གཙོ་བོའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བས། གྲངས་གཞི་ཆེ་མོའི་ཐོན་ལས་མཚོ་ཤར་གྲོང་ཁྱེར་གྱི་འཕེལ་རྒྱས་འགྲོ་བཞིན་པའི་འབྱུང་འགྱུར་གྱི་ཐོན་ལས་ཤིག་ཏུ་འགྱུར་བཞིན་ཡོད། གྲངས་འཛིན་དཔལ་འབྱོར་འཆར་འགོད་དང་། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན། “ཤར་གྲངས་ནུབ་རྩིས”དང“གྲངས་གཞིས་མཚོ་སྐྱོར”སོགས་ཀྱི་རྩེར་སོན་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲངས་གཞི་ཆེ་མོའི་ཐོན་ལས་རྣམ་གྲངས་6ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་338ཟིན་ཡོད་པ་རེད། ཟླ་དང་པོ་ནས་བཅུ་པའི་བར་གློག་འཕྲིན་གྱི་ལས་སྒོ་ལེགས་སྒྲུབ་བྱེད་ཚད་བསྡོམས་མ་དངུལ་སྒོར་དུང་ཕྱུར་11.8ཟིན་པ་དེ་དུས་མཚུངས་ལས་18.2%འཕར་བ་དང་། གྲངས་གཞི་ཆེ་མོའི་ལྟེ་བའི་ཐོན་སྐྱེད་རིན་ཐང་བསྡོམས་མ་དངུལ་སྒོར་དུང་ཕྱུར་5.13ཟིན་པ་དེ་དུས་མཚུངས་ལས་41.32%འཕར་ཡོད་པ་རེད།
   རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་དང་། གྲངས་གཞིའི་རྩིས་རྒྱག་ནུས་པ་ནང་འདྲེན། གྲངས་གཞི་ཚོང་འགུགས་སྦྲེལ་མཐུད་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་དྲ་རྒྱའི་ཁྱབ་ཁྱོན་དང་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་63.42བཏང་ནས་4Gདང་5Gཡི་འཕྲིན་གཏོང་སྦྲེལ་ཚུགས་9812བཙུགས་པས་གྲོང་ཁྱེར་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཏུ་འོད་སྐུད་ཁྱབ་ཚད་100%ཟིན་པ་དང་སྤྱོད་མཁན་ཁྲི་170ཟིན་ནས་རྒྱལ་ཁབ་ཀྱི“ཀྲའོ་སྟོང་གི་གྲོང་ཁྱེར”གྲས་སུ་བདེ་བླག་ངང་ཚུད་པ་རེད། མ་དངུལ་སྒོར་ཁྲི་4463བཏང་ནས་ནུབ་བྱང་ས་ཁུལ་དུ་Lབརྙན་པར་ཡོ་ཆས་ཐོག་མ་བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས“15520”གྱི་དུས་ཚད་ཐུང་ལ་མྱུར་ཚད་མགྱོགས་པའི་རྩིས་རྒྱག་ནུས་པའི་དྲ་རྒྱ་བཙུགས་པ། ཟི་ལིང་དང་མཚོ་ཤར་གཞི་གཅིག་ཅན་གྱི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་གྱི་ཐད་འབྲེལ་ས་ཚིགས་དང་ཟུང་འཇུག་མཚམས་ཚིགས་བསྐྲུན་པ། དྲ་རྒྱ་ཆེ་གྲས་གསུམ་མཉམ་འདྲེས་དྲ་སྦྲེལ་འཁོར་རྒྱུག་ཐུབ་པ། རྒྱལ་ཡོངས་ལ་ཁ་ཕྱོགས་པའི་དུས་འགྱངས་རིང་ཤོས་ལ་20msལས་བརྒལ་མེད་པ། དྲ་རྒྱའི་ཆ་འཕྲིན་སྦྲེལ་མཐུད་བྱེད་གནས་ཀྱི་བརྗེ་རེས་ནུས་པ་15.4Tདང་གྲངས་གཞི་བརླག་ཚད་0ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད། གྲངས་གཞིའི་ལྟེ་གནས་ཆེན་པོ་གསུམ་ལ་འབེལ་འདུ་དང་། ཨ་ལི། ཐེང་ཤུན། ཧྭ་ཝུའེ། ཁྱུག་དབྱིངས། ཁོའེ་ཧྲོའུ་སོགས་ཁེ་ལས་300ལྷག་ཙམ་གྱི་གྲངས་གཞི་བཅུག་པས་གྲངས་འཛིན་གྱི་རྗེས་ཐོན་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བཞིན་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཤར་གྲོང་ཁྱེར་གྱིས“གྲངས་གཞིས་མཚོ་སྐྱོར”བྱེད་པའི“འཇུག་སྒོ་ཆུང་ངུ”དེར་བརྟེན་ནས་གྲངས་གཞིའི་ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་གསར་པ་རྒྱ་སྐྱེད་བཏང་སྟེ་ཕྱི་ཕྱོགས་ལ་མཚོ་སྔོན་ནི་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི“རང་བྱུང་གནས་བཟང”ཞིག་ཡིན་པ་དང་གྲངས་གཞི་ཆེ་མོའི་ཐོན་ལས་ནི་མཚོ་ཤར་གྲོང་ཁྱེར་གྱི་འཕེལ་རྒྱས་འགྲོ་བཞིན་པའི་འབྱུང་འགྱུར་གྱི་ཐོན་ལས་ཤིག་ཡིན་པ་འོས་སྦྱོར་བྱས་པ་དང་། མིག་སྔར་གྲོང་ཁྱེར་ཡོངས་སུ་ཚད་ལྡན་གྱི་འཕྲུལ་སྒྲོམ་2322གསར་དུ་བཙུགས་པ་དང་། སྒོར་དུང་ཕྱུར་100ཡན་གྱི་རྣམ་གྲངས་1དང་། སྒོར་དུང་ཕྱུར་10ཡན་གྱི་རྣམ་གྲངས་2 སྒོར་དུང་ཕྱུར་1ཡན་གྱི་རྣམ་གྲངས་3བཅས་ནང་འདྲེན་བྱས་པ་རེད། ཞིང་ཆེན་དང་གྲོང་ཁྱེར་གྱི་གཉེར་སྐྱོང་མཁན་ཆེ་གྲས་གསུམ་གྱི་ཆེད་ལས་ལག་རྩལ་མི་སྣ་དང་ཞིང་ཆེན་ནང་ཁུལ་གྱི་དྲ་རྒྱ་ཁག་དང་གྲངས་གཞི་ཆེ་མོའི་ཞབས་ཞུའི་ཁེ་ལས་ཀྱི་ལག་རྩལ་མི་སྣ་བསྡུས་ནས་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་དང་། ཞུང་ཨན་ཞིབ་འཇུག་ཁང་། ཧྭ་ཝུའེ་ཞིབ་འཇུག་ཁང་སོགས་ཚན་ཞིབ་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་སྦྲེལ་མཐུད་ཀྱིས་མཚོ་ཤར་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་ཕྱོགས་བསྡུས་འགན་ལེན་ཞབས་ཞུའི་ཤེས་ལྡན་མི་སྣའི་མཛོད་དང་ཁེ་ལས་ཀྱི་མཛོད་བསྐྲུན་ནས་གྲངས་འཛིན་མཚོ་ཤར་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་མི་སྣ་གསོག་ཉར་བྱས་པ་རེད།