འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒོར་དུང་ཕྱུར་4ལྷག་འདུས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་25ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་ཀན་སུའུ་ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བྱུང་རྗེས། ཀན་སུའུ་ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འཕྲལ་དུ་གེགས་སེལ་འཕྲལ་བསྟུན་དང་ལེན་བྱས་ནས། ཞལ་འདེབས་འབུལ་རྒྱུའི་གྲོས་འགོ་བཏོན་པ་དང་ཆེད་དོན་ཞལ་འདེབས་བསྡུ་འགོ་ཚུགས་པ་རེད། དེ་དང་ཆབས་ཅིག  སྤྱི་ཁྱབ་ཚོགས་པའི་མཚན་འཛིན་འགོ་འཛིན་དང་། ལས་འགན་གཅིག་ལྕོགས་ཀྱི་ཚོགས་གཙོ་གཞོན་པ། དེ་བཞིན་ཚོགས་མིའི་སྡེ་ཚན་70ལྷག་ཙམ་བཅས་ལ་སྤྱི་བསྒྲགས་སྤེལ་ནས། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་། ཐེན་ཅིན། ཧྲན་ཏུང་། ཧྲང་ཧའེ། ཀྲེ་ཅང་། སི་ཁྲོན། ཧྲའན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་དགེ་སྒྲུབ་ལྷན་ཚོགས་ལ་གནས་ཚུལ་བརྡ་ཁྱབ་བཏང་ནས་རོགས་སྐྱོར་ཐོབ་ཐབས་བྱས་པར། སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་མང་པོ་ཕུལ་ཡོད།
     ཟླ་12ཚེས་23ཉིན་གྱི་ཆུ་ཚོད་9བར། ཞིང་ཆེན་དེ་ཡོངས་ཀྱི་དགེ་སྒྲུབ་ལྷན་ཚོགས་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་བརྒྱབ་པའི་དངུལ་དང་དངོས་རྫས་ཁྱོན་སྒོར་ཁྲི་41577.06བསྡུ་ལེན་བྱས་པའི་ནང་། མ་དངུལ་སྒོར་ཁྲི་37690.95དང་། དངོས་ཟོག་རིན་ཐང་སྒོར་ཁྲི་3886.11ཟིན་ཡོད་པ་རེད། ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པས་རིམ་རྩིས་བྱས་ན་སྤྱི་ཚོགས་ལས་རིགས་ཁག་གིས་དངུལ་ཁང་གཏོང་སྤྲོད་བྱས་ནས་ཞལ་འདེབས་བརྒྱབ་པའི་ཞལ་འདེབས་ཁག་19532བསྡུས་པར་ཁྱོན་སྒོར་ཁྲི་28263.53འདུས་ཡོད།