འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་གིས། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་
ཧུར་ཐག་བརྩམས་པ།

ཅིའུ་ཞོན་ཝུན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་25ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་སྟངས་འཛིན་ནན་པོ། “ས་ཁོངས་ཧྲིལ་པོ་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས”ཀྱི་སྤྱིའི་འཐབ་ཇུས་མཐའ་འཁྱོངས། འཛམ་གླིང་གི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་སྒུལ་ཤུགས་གཙོ་བོར་བྱེད་པ། ཐོན་ལས་དར་རྒྱས་གཏོང་བ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ། སྐྱེ་ཁམས་ཞིང་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་མཉམ་སྤེལ་གཉིས་ཁེ་ཡི་ལམ་བུར་བསྐྱོད་ཡོད། “ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་མཛེས་པ། མི་སེར་ཕྱུག་འགྱུར”བཅས་ཀྱི་གཟི་ཚ་སྡེ་དགུའི་ལེའུ་གསར་པ་ཞིག་མཛེས་སྡུག་ལྡན་པའི་ས་གཞི་དེའི་སྟེང་རྩོམ་བཞིན་ཡོད།
   “འགན་ལེན་གསུམ”ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་བཏང་བ།
   གཟི་ཚ་སྡེ་དགུ་རྫོང་གིས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ། གྲོང་གསེབ་དར་རྒྱས་ཀྱི་ལས་ཀའི་མ་ལག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྡེ་ཚན་དང་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་བཏོན་ཡོད། ལམ་ལུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་དར་རྒྱས་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 《2023ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཟི་ཚ་སྡེ་དགུའི་ལག་བསྟར་བསམ་འཆར》སོགས་ཀྱི་ཡིག་ཆ་བཟོས་པ་མ་ཟད། རིགས་ཆེན་པོ་5ཡི་རྣམ་གྲངས་34ཡི་ཞིབ་ཕྲའི་དམིགས་ཚད་144ཞིབ་ཚགས་བཟོས་པར་བརྟེན་ལས་ཀའི་བསམ་ཕྱོགས་དང་། ལས་ཀའི་འཆར་གཞི། དམིགས་ཚད་ལས་འགན་བཅས་སྔར་བས་ཁ་གསལ་བྱུང་བ་དང་ལས་དོན་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ལ་ཕན་འབྲས་ཐོན་པར་བྱས་ཡོད། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་སྤུས་མཐོ་ཕན་འཕར་ལ་རམ་འདེགས་བྱས་ཡོད། གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་ཚད་མང་དུ་བཏང་ཞིང་། 2023ལོ་ནས་བཟུང་རྫོང་རིམ་པའི་ནོར་སྲིད་ནས་ཞིང་སྐྱོར་ཆེད་དངུལ་སྔོན་རྩིས་སྒོར་དུང་ཕྱུར་1.3བཀོད་སྒྲིག་བྱས་པ་དེ་2022ལོ་ལས་སྒོར་ཁྲི་1493འཕར་ནས་དུས་མཚུངས་ལས་12.59%འཕར་ཡོད། གྲོང་གསེབ་དར་རྒྱས་ཀྱི་ས་སྤྱོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་དང་། རྫོང་དང་ཤང་གི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་འཛུགས་སྐྲུན་ས་ཆ་10%ལས་མི་ཉུང་བའི་དམིགས་ཚད་དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་དུ་འགན་ལེན་བྱས་ཡོད།
    “མཐའ་འཁྱོངས་གསུམ”ལ་དམིགས་ནས་གྲོང་གསེབ་དར་རྒྱས་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།
   གཟི་ཚ་སྡེ་དགུ་རྫོང་གིས་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱས་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་མ་ལག་བཙུགས་པ། གྲལ་བཤེར་གནད་སྨིན་དང་། ལྟ་ཞིབ་ཚད་ལེན་གནད་སྨིན། རོགས་སྐྱོར་གནད་སྨིན་བཅས་མངོན་པར་བྱས་ནས“གྲོང་ཚོར་སྐོར་སྐྱོད་དང་དུད་ཚང་འགན་གཙང་ལེན་པར”དམ་འཛིན་ཞིབ་ཚགས་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་དྲ་མིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་ལྟ་ཞིབ་ཚད་ལེན་རོགས་སྐྱོར“དྲ་མིག་ཅན”དང“རྒྱུན་རྣམ་ཅན”ལ་གྱུར་བ་བྱས་ཡོད། སྤུས་མཐོ་ཕན་འཕར་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བའི་མ་ལག་བསྐྲུན་ཡོད། ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་ལས་གཏོད། འཛད་སྤྱོད་རོགས་སྐྱོར། དངུལ་རྩ་གསར་གཏོད་བཅས“འདུ་འགོད་ཆེན་པོ་བཞིར”བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་པའི་དེང་རབས་ཞིང་ལས་གླིང་བསྐྲུན་ཡོད། ཐོན་ཁུངས་སྡེབ་སྒྲིག་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ཀྱི་རོགས་སྐྱོར་རྒྱབ་སྐྱོར་མ་ལག་བསྐྲུན་ཡོད། མ་དངུལ་བསྡུ་སྒྲིལ་དང་། རྣམ་གྲངས་བསྡུ་སྒྲིལ། སྟོབས་ཤུགས་བསྡུ་སྒྲིལ་བཅས་ལ་དམ་འཛིན་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་1.58བཏང་ནས་ཞིང་འབྲེལ་བསྡུ་སྒྲིལ་རྣམ་གྲངས་59ལག་བསྟར་བྱས་ཡོད། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཤར་ནུབ་མཉམ་ལས་དང་། ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར། གནས་གཏན་འཁེལ་གྱི་རོགས་སྐྱོར་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་ཁོངས་ཧྲིལ་པོའི་ཆ་སྒྲིག་རོགས་སྐྱོར་ཟབ་ཏུ་གཏོང་བ་བཅས་བྱས་ནས་མཐུན་སྦྱོར་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་5570དོན་འཁྱོལ་དང་རྣམ་གྲངས་24ལག་བསྟར་བྱས་ཡོད། 2022ལོའི་ཟླ་10ཚེས་1ཉིན་ནས་2023ལོའི་ཟླ་9ཚེས་30ཉིན་བར་རྫོང་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་17150ཟིན་ནས་དུས་མཚུངས་ལས་15.14%འཕར་ཡོད། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་8.5%འཕར་ཡོད།
   “དམིགས་པ་གསུམ”ལ་གཞི་ཚུགས་ནས་གྲོང་གསེབ་དར་རྒྱས་ཀྱི་སྤུས་མཐོ་ཕན་འཕར་ལ་རམ་འདེགས་བྱས་པ།
   གཟི་ཚ་སྡེ་དགུ་རྫོང་གིས་ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བར་དམིགས་ཏེ་གཅིག་སྡུད་སྤུས་འབོར་གཉིས་ལྡན་ལ་སྐུལ་འདེད་བཏང་བ། འབྲུ་རིགས་རྨོ་ཞིང་གི་དམར་ཐིག་བརྟན་པོར་སྲུང་བ་དང་འབྲུ་རིགས་འདེབས་རྒྱ་དང་ཐོན་འབབ་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་སྟེ་འབྲུ་རིགས་འདེབས་རྒྱ་མུའུ་ཁྲི་4.43དང་ཐོན་འབབ་ཏུན་ཁྲི་1.08ཟིན་པར་བྱས་ཡོད། “6+2”ཀྱི་སྐྱེ་ཁམས་ཞིང་ལས་ཐོན་ལས་མ་ལག་ཧུར་ཐག་བཙུགས་ནས་ཡུལ་བབ་དང་བསྟུན་ཏེ་འབྲུ་དང་པད་ཁ་དང་། ཁྱད་ལྡན་ཤིང་འབྲས་ལས་རིགས། སྨན་རྩྭ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཆེན་པོ་6ལ་སྐུལ་འདེད་བཏང་བས་ལུང་གཞུང་གི་ཕན་ཆེའི་ཤིང་འབྲས་དང་སྔོ་ཚལ་འཕེལ་རྒྱས་ཁུལ་དང་། ཀྲུང་ཧྲན་གྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཁུལ། རི་མཐོའི་སྐྱེ་ཁམས་ནགས་གསེབ་སྨན་རྫས་འཕེལ་རྒྱས་ཁུལ་བཅས་གཞི་གཅིག་ཅན་གྱི་གཟི་ཚ་སྡེ་དགུའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད། ཁྱབ་འགྱེད་ལ་དམིགས་ཏེ་སྣེ་ཁྲིད་བྱས་ནས་དེང་རབས་ཞིང་ལས་གླིང་ཁུལ་བཏོད་ཡོད། ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞིགས་པ་དང་ཁྱད་ལྡན་ཐོན་ལས་ཆེ་གྲས་དྲུག་ལ་དམིགས་ནས“གླིང་ཁུལ་ཆེན་པོ+ཞིང་ར་ཆུང་གྲས”དང“གླིང་ཁུལ་ཆེན་པོ+དོ་བདག་ཆུང་གྲས”སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་པ་མ་ཟད། གླིང་ཁུལ་གཞི་རྟེན་དུ་བྱས་ནས་ཞིང་ཆེན་དང་ཀྲོའུ་རིམ་པའི་དཔེ་སྟོན་ཁང་དང་ཁྱིམ་ཚང་ཞིང་ར་སོགས་གཉེར་སྐྱོང་གི་བྱེད་པོ་གསར་པ་མུ་མཐུད་སྐྱེད་སྲིང་བྱས་ཏེ་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་བྱས་ཡོད། ཐོན་ལས་མཉམ་འདྲེས་རྒྱ་སྐྱེད་ལ་དམིགས་ཏེ་ལས་རྣམ་གསར་པ་དང་ནུས་པ་གསར་པ་སྐྱེད་སྲིང་དང་རིམ་སྤོར་བྱས་ཡོད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པར་དམིགས་ནས“ས་ཁོངས་ཧྲིལ་པོ་དང་། དུས་གཏན། ཕྱོགས་བསྡུས། སྣ་མང”བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྤྲོ་གསེང་ལྟ་སྐོར་ཐོན་ལས་འཕེལ་རྒྱས་འཚོལ་ཞིབ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ། ཧེ་ཧོ་གྲོང་རྡལ་ཆི་ལི་གྲོང་ཚོའི་མུའུ་སྟོང་གི་སེའུ་གླིང་ཁུལ་དང་། ཨོའུ་ཅའོ་གྲོང་རྡལ་ཧྲེང་ནན་གྲོང་གསར་གྱི་ལན་མེ་དེང་རབས་ཞིང་ལས་ཐོན་ལས་གླིང་། ཧྲོང་ཧོ་གྲོང་རྡལ་ལུའོ་དབྱི་པཱ་གྲོང་ཚོའི་རིག་ལྡན་ཞིང་ལས་དྲོད་ཁང་བཅས་བསྐྲུན་ཁར་གཟི་ཚ་སྡེ་དགུའི་གཞིས་ཀའི་རྒུན་ཆང་དང་པད་ཁའི་སྣུམ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཡོད།