འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མེ་མདའི་སྐོར་གྱི་གྲོས་དོན་ཆོད་ཡིག་འདིའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་21ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་12ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་གཏན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། ཟླ་12ཚེས་19ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེན་མོ་ཀྲང་ཅུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་པ་ཀུའུ་ཐེ་ལེ་སིར་《མེ་མདའི་གྲོས་དོན་ཆོད་ཡིག་》ལ་ཆོག་མཆན་བཀོད་ཡིག་སྤྲོད་འཇོག་བྱས་པ་རེད། དེའི་གོང་ལ་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོས་《མེ་མདའི་གྲོསདོན་ཆོད་ཡིག་》ལ་ཆོག་མཆན་བཀོད་པ་དེས་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མེ་མདའ་དོ་དམ་ཚོད་འཛིན་མཉམ་ལས་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་འཁོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཝང་ཝུན་པིན་གྱིས། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས། མེ་མདའ་གང་སར་ཁྱབ་པ་དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་འགྲན་སློང་འཕྲད་རིགས་སྣ་ཚོགས་ལ་མཐོང་ཧ་ཅང་ཆེན་པོར་བྱེད་ཀྱི་ཡོད། 《མེ་མདའི་གྲོས་དོན་ཆོད་ཡིག་》ལ་ཆོག་མཆན་བཀོད་པ་ནི། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་དང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་གཞན་ཞིག་རེད། ཀྲུང་གོ་ནི་འཛམ་གླིང་ཐོག་བདེ་འཇགས་ཆེ་ཤོས་དང་། ཉེས་དོན་གྱི་བྱས་ཉེས་བསགས་རིགས་ཐོན་པ་ཉུང་ཤོས། མེ་མདའ་དང་དྲག་ཤུགས་གཉིས་དང་འབྲེལ་བའི་གྱོད་གཞི་ཆེས་ཉུང་བའི་རྒྱལ་ཁབ་གྲས་ཤིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་བའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཆིངས་ཡིག་གོ་སྐབས་སུ་བྱས་ནས། ཕྱོགས་ཁག་དང་མཚོན་ཆ་ཆུང་གྲས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་རྒྱག་རོགས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་འདོད་ཡོད་ཅེས་བཤད།