འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་རིང་གི་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་20ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཞུ་སྦྱོར་ཕྱི་མ་བ་ཞུའེ་ཧྥེང་ཀོན་གྱིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་དེ་2023ལོའི་ཟླ་12ཚེས་19ཉིན། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ ཡོངས་བསྒྲགས་ངང་དཔྱད་མཚམས་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཞུའེ་ཧྥེང་ཀོན་གྱིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་དགུ་དང་ཟླ་བ་དྲུག་བྱས་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་འབུམ་བརྒྱད་བཅད་པ་དང་། འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་མིང་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཞི་བྱས་པ་དང་འབྲེལ་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་བྱ་རྒྱུའི་ཁྲིམས་ཐག་ཀྱང་བཅད་པ་མ་ཟད། དངུལ་ཆད་ཀྱང་སྒོར་འབུམ་བརྒྱད་བཅད་པ་དང་། ཞུའེ་ཧྥེང་ཀོན་གྱི་བྱས་ཉེས་བསགས་པའི་ཉེས་ཆད་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་དགོས་པའི་ཁྲིམས་ཐག་བཅད།
   འདྲི་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་2022ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཞུའེ་ཕུང་ཀོན་གྱིས་ནན་ཅིང་གྲོང་ཁྱེར་ཆིན་ཧོའེ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་། སུའུ་ཧྲུའེ་ཆུས་ཨུད་ཀྱི་ཧྲུའུ་ཅི། ཆུས་ཀྲང་སོགས་ལས་གནས་ཀྱི་འགན་འཁུར་ནས་འབྲེལ་ཡོད་ཚན་པ་དང་སྒེར་པར་ཁེ་ལས་གཉེར་སྐྱོང་དང་། རྣམ་གྲངས་འཆར་འགོད་ཀྱི་ཞིབ་བཤེར་མཆན་འགོད། འཛུགས་སྐྲུན་ལས་གྲྭ་འགན་གཙང་ལེན་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱེད་རོགས་བྱས་པ་དང་། ཐད་ཀར་རམ་ཡང་ན་གཞན་པ་བརྒྱུད་དེ་གོང་གསལ་ཚན་པའམ་ཡང་ན་སྒེར་པས་སྤྲད་པའི་རྒྱུ་ནོར་དངུལ་སྨར་ལ་ཕབ་ན་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་931ལྷག་ཙམ་ཟིན་ཡོད་པ་རེད། 2018ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཞུའེ་ཕུང་ཀོན་གྱིས་ནན་ཅིང་གྲོང་ཁྱེར་སུའུ་ཧྲུའེ་ཆུས་ཨུད་ཀྱི་ཧྲུའུ་ཅི་དང་། ཆུས་ཀྲང་གི་འགན་འཁུར་རིང་། གཞུང་ཁོངས་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་གྱི་དམིགས་ཚད་དང་རྩ་དོན་ལས་འགལ་ནས་སྒྲིག་ཁྲིམས་དང་འགལ་ཏེ་ཐབས་ཇུས་བཏོན་པ་དང་། གཞུང་ཁོངས་ཀུང་སིའི་གཉེར་སྐྱོང་ལ་ཐེ་ཇུས་འོས་མིན་བྱས་པས། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་མི་དམངས་ཤོག་སྒོར་ཁྲི་8091ལྷག་ཙམ་བཟོས་ཡོད།
   ཐའེ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཞུའེ་ཧྥེང་ཀོན་གྱི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་དང་འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་སུ་གྲུབ་པས། དེའི་གྲངས་འབོར་ཧ་ཅང་ཆེ་བ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གནས་ཚུལ་ཧ་ཅང་ཚབས་ཆེ་བའི་ངོས་འཛིན་བྱས་པ་རེད། ཞུའེ་ཧྥེང་ཀོན་གྱིས་གྱོད་འབྲེལ་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པར་གཞིགས་ནས། གྱོད་དོན་ཐག་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་དོན་དངོས་རང་འགུལ་ངང་ངོས་ལེན་ཞུས་པ་དང་། བྱས་རྗེས་བཞག་པའི་མཚོན་ཚུལ་ལྡན་པ། ལྐོག་རྔན་བླངས་པ་ཆ་ཤས་བྱས་ཉེས་སུ་མ་གྲུབ་པ་དང་། ཉེས་པ་ངོས་ལེན་དང་ངོས་ལེན་བྱས་པ། བརྐུས་ནོར་ཕྱིར་སློག་ཧུར་ཐག་བྱས་པ། ཁྲིམས་བཀོད་དང་བབ་བསྟུན་ངང་ཉེས་ཆད་ཡང་དུ་བཏང་འཐུས་ཀྱི་ཆ་རྐྱེན་འཛོམས་པས། ལྐོག་རྔན་བླངས་པའི་བྱས་ཉེས་ལ་ཉེས་ཆད་བཅའ་ཡང་དང་། འགན་དབང་གང་བྱུང་དུ་སྤྱད་པའི་བྱས་ཉེས་ལ་ཉེས་ཆད་བཅའ་ཡང་ཁྲིམས་ལྟར་གཏོང་བར་དམིགས་ནས།  ཁྲིམས་ཁང་གིས་དཔྱད་མཚམས་གོང་ལྟར་བཏང་བ་ཡིན།