འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལོ་13རིང་གི་ཁྲིམས་ཆད་བཅད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་20ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2023ལོའི་ཟླ་12ཚེས་19ཉིན། ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཞིབ་དཔྱོད་དཔོན་ཟུར་པ་ཀྲང་པུན་ཚའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཀྲང་པུན་ཚའེ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱས་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་400བཅད་པ་དང་། ཀྲང་པུན་ཚའེ་ཡིས་རྒྱུ་རྔན་ཟ་ལེན་བྱས་པའི་ཉེས་བསགས་ཀྱི་ཐོབ་ཆ་དང་དེ་བཞིན་འཕེལ་སྐྱེད་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་དགོས། 
     འདྲི་ཞིབ་བྱས་ནས་རྩད་ཆོད་པ་བརྒྱུད། 2005ལོ་ནས་2020ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཀྲང་པུན་ཚའེ་ཡིས་ཞིབ་དཔྱོད་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཞིབ་དཔྱོད་ཉིན་རེའི་ཚགས་པར་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གློག་བརྙན་བརྙན་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཞུང་དོན་ཁང་གི་ཀྲུའུ་རེན། ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིབ་དཔྱོད་དཔོན་སོགས་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་འབྲེལ་ཡོད་ཚན་པ་དང་སྒེར་པར་ས་ཞིང་གསར་སྤེལ་དང་། ཁེ་ལས་གཉེར་སྐྱོང་། ལས་སྒྱུར་བཀོད་སྒྲིག ལས་དོན་གཞན་སྒྱུར་སོགས་ཀྱི་རོགས་རམ་བྱས་པ་དང་། ཐད་ཀར་རམ་ཡང་ན་གཞན་བརྒྱུད་ནས་ཁྲིམས་དང་འགལ་ཏེ་རྒྱུ་དངོས་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་4832ལྷག་ཙམ་ཟིན་ཡོད། 
     ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཀྲང་པུན་ཚའེ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པ་དང་། ལྐོག་རྔན་བླངས་པ་གྲངས་འབོར་ཤིན་ཏུ་མང་བའི་ངོས་འཛིན་བྱས། ཀྲང་པུན་ཚའེ་ཁྲིམས་རར་འབྱོར་རྗེས། རང་གི་ཉེས་སྤྱོད་ཇི་མ་བཞིན་ངོས་ལེན་ཞུས་ཤིང་། ལྟ་ཞིབ་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་ཁ་ཤས་རང་འགུལ་ངང་ངོས་ལེན་ཞུས་པ་དང་། ནག་ཉེས་ངོས་ལེན་ཞུས་པ། བརྐུས་ནོར་ཕྱིར་སློག་ཧུར་ཐག་བྱས་པ། བརྐུས་དངུལ་ཚང་མ་ཕྱིར་བསློགས་པར། ཁྲིམས་ལྟར་ཉེས་ཆད་ཡང་བཟོས་བཏང་ཆོག་པས།  ཁྲིམས་ཁང་གིས་ཁྲིམས་གཅོད་གོང་གསལ་བཞིན་བྱས་པ་རེད།