འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེང་གི་འགན་སྒྲུབ་གསལ་ཞུ་གསན་པ།

——ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་མཇལ་འཕྲད་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་20ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་12ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་མཇལ་འཕྲད་གནང་བ།
ཟླ་12ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་མཇལ་འཕྲད་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་མཇལ་འཕྲད་གནང་ནས་ཁོང་གིས་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ལོ་གཅིག་རིང་། སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་འགན་འཁྲི་ནན་ཏན་སྒྲུབ་པ་དང་དངོས་སྒྲུབ་བྱས་རྗེས་བཞག་ནས་ཨའོ་མོན་གྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་བདེ་བླག་ངང་བརྒྱབ་པ་དང་། སྲིད་འཛིན་དཔོན་འདེམས་བསྐོའི་བཅའ་ཁྲིམས་དང་ཁྲིམས་འཛུགས་ཨུ་ལྷན་གྱི་འདེམས་བསྐོའི་བཅའ་ཁྲིམས་བཟོ་བཅོས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། རྒྱན་འགྱེད་ལས་རིགས་ལ་ཁྲིམས་བཞིན་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་པ། ཨའོ་མོན་གྱི་ལོ་རྒྱུས་ཐོག་གི་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྣ་མང་འཕེལ་རྒྱས་ཀྱི་འཆར་འགོད་ཐོག་མ་བཟོས་པ། ཧེང་ཆིན་དང་། ཀོང་ཏུང་། ཨའོ་མོན་བཅས་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་བཏང་བ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་བཏང་བས་ཨའོ་མོན་གྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་གིས་སྔར་རྒྱུན་བཞིན“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་བསུ་བ་ཞུ་རྒྱུ་ཡིན།
     (བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)