འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ཡི་འགན་སྒྲུབ་གསལ་ཞུ་གསན་པ།

——ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་མཇལ་འཕྲད་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་20ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་12ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་མཇལ་འཕྲད་གནང་བ།
ཟླ་12ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་མཇལ་འཕྲད་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་མཇལ་འཕྲད་གནང་ནས་ཁོང་གིས་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ལོ་གཅིག་རིང་། སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པ་དང་། ལས་དོན་སྒྲུབ་མཁས་པ། རྒྱལ་ཁབ་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་། ཤང་ཀང་དམིགས་བསལ་ཁུལ་གྱི་གྲོས་ཚོགས་ལམ་ལུགས་བསྐྱར་འཛུགས། དམིགས་བསལ་ཁུལ་གྲོས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་བདེ་བླག་ངང་ལེགས་སྒྲུབ། ཤང་ཀང་རིམས་ནད་ལས་ཐར་བར་སྐུལ་འདེད། སྤྱི་ཡོངས་རང་བཞིན་གྱི་སླར་གསོ་ཐུབ་པར་བསུ་བ་ཞུས་པ། ཤང་ཀང་གི་དམིགས་བསལ་གནས་བབ་དང་ལེགས་ཆ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དམངས་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་པས་ཟང་ཟིང་ནས་བཅོས་སྐྱོང་བར་གྱི་འཕེལ་ཕྱོགས་ཆེན་པོ་སྲ་བརྟན་དུ་ཕྱིན་ཏེ་ཤང་ཀང་འདི་ཉིད་བཅོས་སྐྱོང་ནས་དར་རྒྱས་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་རྒྱུ་ཡུན་རིང་མི་འགྱུར་བ་དང“རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་བྱུང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན། ཤང་ཀང་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་དང་། མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས། ཚོང་དོན་ལྟེ་གནས་བཅས་ཀྱི་གནས་བབ་སྲ་བརྟན་དང་མཐོ་རུ་གཏོང་བ། ཤང་ཀང་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྐྱེ་སྟོབས་དང་ཁྱད་འཕགས་རང་བཞིན་རྒྱུན་ཆད་མེད་པར་མངོན་པ་བཅས་བྱེད་ངེས་ཡིན་ལ། ང་ཚོས་ཤང་ཀང་གི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་གདེང་ཚོད་ཆེན་པོ་ཡོད།
     (པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)