འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་གཙོ་བདག་གསར་པ་སྨི་ཧྲ་ལེར་ཁུ་ཝེ་ཐེའི་གཙོ་བདག་ནཱ་ཝ་ཧྥུའུ་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

——ལི་ཆང་གིས་ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་ཨའེ་ཧ་མའེ་ཏེར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་19ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་གཙོ་བདག་གསར་པ་སྨི་ཧྲ་ལེར་ཁུ་ཝེ་ཐེའི་གཙོ་བདག་ནཱ་ཝ་ཧྥུའུ་སྟབས་མི་ལེགས་པར་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ཁོང་མི་སྒེར་གྱི་མིང་ཐོག་ནས་གཙོ་བདག་ནཱ་ཝ་ཧྥུའུ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་གཙོ་བདག་ནཱ་ཝ་ཧྥུའུ་ཡི་གཉེན་ཉེ་དང་ཁུ་ཝེ་ཐེའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲིའང་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས། གཙོ་བདག་ནཱ་ཝ་ཧྥུའུ་ལ་ཁུ་ཝེ་ཐེའི་མི་དམངས་ཀྱིས་གུས་བཀུར་ཆེན་པོ་ཞུ་གི་ཡོད། སྐུ་འཚོ་བཞུགས་སྐབས་ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་སྟབས་མ་ལེགས་པར་སྐུ་གཤེགས་པ་ནི་ཁུ་ཝེ་ཐེའི་མི་དམངས་ཀྱི་ངོས་ནས་བརྗོད་ན་གྱོང་གུན་ཆེན་པོ་ཞིག་རེད་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་ཡོད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་དང་ཁུ་ཝེ་ཐེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཁུ་ཝེ་ཐེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་དང་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་ཨའེ་ཧ་མའེ་ཏེར་ནཱ་ཝ་ཧྥུའུ་སྟབས་མ་ལེགས་པར་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ་ཁུ་ཝེ་ཐེའི་སྲིད་གཞུང་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་མ་ཟད། གཙོ་བདག་ནཱ་ཝ་ཧྥུའུ་ཡི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲིའང་ཞུས་པ་རེད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་པ་ཕན་གྱིས་ཞུས)