འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་མདོ་བརྙན་འཕྲིན་ཁང་གིས་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་19ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་མདོ་བརྙན་འཕྲིན་ཁང་གིས་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།
   ཟླ་12ཚེས་15ཉིན་གྱི་དགོང་མོ། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཨ་མདོའི་བརྙན་འཕྲིན་ཁང་གིས་2024ལོའི་བོད་ཀྱི་ལོ་གསར་པའི་བརྙན་འཕྲིན་རིག་རྩལ་དགོང་ཚོགས་《གཡུ་འབྲུག་དགྱེས་པའི་མཆོད་སྤྲིན་》ཞེས་པ་བརྙན་ཕབ་ལེགས་འགྲུབ་བྱུང་འདུག ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་500ལྷག་ཙམ་གྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
   དགོང་ཚོགས་འགོ་ཚུགས་གླུ་གར་《གཡུ་འབྲུག་དགྱེས་པའི་མཆོད་སྤྲིན་》ཞེས་པ་འགོ་ཚུགས་པ་དང་། ཨ་མདོའི་བརྙན་འཕྲིན་ལས་ཁུངས་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། ཁམས་པའི་བརྙན་འཕྲིན་ལས་ཁུངས་བཅས་ནས་ཡོང་བའི་མདོ་འཛིན་པ་6གིས་མཉམ་དུ་སྨོན་འདུན་ཞུ་བའི་གླུ་གཞས་བླངས་ཏེ་གར་སྟེགས་ཀྱི་མདུན་དུ་བསྐྱོད་ནས། ཡུལ་དངོས་ཀྱི་གཟིགས་མོ་བ་དང་དེ་བཞིན་རྒྱལ་ཡོངས་ས་གནས་ཁག་གི་བོད་རིགས་སྤུན་ཟླར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རླབས་ཆེ་བའི་རྒྱལ་ཁབ་དང་རྒྱལ་ཡོངས་མི་རིགས་ཁག་གི་སྤུན་ཟླ་ཚོར་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། དགོངས་ཚོགས་ནི་“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་གཏོད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་ཁག་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སོགས་ཀྱི་ཁྱད་ལྡན་གླུ་གར་དང་། དམངས་གཞས་མཉམ་གཞས། ལྷ་མོ། དམངས་ཁྲོད་ཞབས་བྲོ་སོགས་ཀྱི་ལེ་ཚན་གཅིག་ཏུ་བསྡུས་ཡོད། དེའི་དམིགས་ཡུལ་ནི་མི་རིགས་ཁག་གི་མི་དམངས་ཚོས་བློ་གཅིག་སེམས་གཅིག་ངང་དུས་རབས་ཀྱི་འབད་པའི་རྒྱལ་ཁའི་གླུ་དབྱངས་བླངས་ནས། ཏང་གི་འགོ་ཁྲིད་འོག་དྲིན་ཚོར་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་། འཆམ་མཐུན། འབད་འབུངས་ཡར་བརྩོན་བཅས་ཀྱི་དུས་རབས་ཀྱི་གཟུགས་བརྙན་མངོན་པར་བྱེད་པའི་ཆེད་དུ་རེད།
   ད་ལོའི་ལོ་སར་དགོང་ཚོགས་ཆ་ཚང་གནམ་གང་དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག ཨ་མདོ་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་དང་། སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་སོ་སོར་བསྟན་རྒྱུ་རེད། 
༄༅།།ཨ་མདོ་བརྙན་འཕྲིན་ཁང་གིས་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།
༄༅།།ཨ་མདོ་བརྙན་འཕྲིན་ཁང་གིས་ལོ་སར་དགོང་ཚོགས་བརྙན་ཕབ་ལེགས་འགྲུབ་བྱས།