འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་དང་ཁེན་ནི་ཡའི་ཙུང་ཐུང་ལུ་ཐོས་ཀྲུང་ཁེན་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་
རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་16ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁེན་ནི་ཡའི་ཙུང་ཐུང་ལུ་ཐོས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་60ཡི་རིང་། ཀྲུང་ཁེན་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་བས། ཆབ་སྲིད་ཀྱི་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་ཡག་པོ་དང་དཔལ་འབྱོར་གྱི་ཐད་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་མང་བ་དང་ཆབ་སྲིད་ཀྱི་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་ཟབ་ཏུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་དཔེ་མཚོན་དེ་བས་བཏོད་ཡོད། འདི་ལོའི་ཟླ་10པར། ཙུང་ཐུང་ལུ་ཐོ་ཀྲུང་གོར་ཕེབས་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་ངེད་གཉིས་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ངས་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཐུང་ལུ་ཐོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་འགོ་འཛུགས་སར་བྱེད་པ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་པའི་རྒྱང་ལམ་དུ་ཁྱད་ཆོས་མངོན་གསལ་དོད་པའི་མཉམ་ལས་བྱས་ཏེ་ཀྲུང་ཁེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། དུས་རབས་གསར་པའི་དེ་བས་ཟབ་པའི་ཀྲུང་ཁེན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་འདོད་ཡོད།
   ལུ་ཐོ་ཡིས། ཕྱི་འབྲེལ་བཙུགས་ནས་ལོ་60ཡི་རིང་ཁེན་ཀྲུང་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་བཅག་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར། མཛའ་གྲོགས་མཉམ་ལས། མཐུན་སྒྲིལ་རོགས་རེས་བཅས་མཐའ་འཁྱོངས་བྱས་པས་རོགས་ཟླའི་འབྲེལ་བ་སྔར་རྒྱུན་བཞིན་བརྟན་པོ་ཡོད་ལ། ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་དང་རིག་གནས་སྤེལ་རེས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོའང་ཐོབ་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་གཡོད་ཧན་ནེ་སི་པའོ་ཡི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུའི་གྲུབ་འབྲས་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་མཐུད་འཕེལ་རྒྱས་དང་། དར་རྒྱས་མཛའ་མཐུན། ཐུན་མོང་ཡར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།