འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་15ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཁ་སང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་ལག་གདང་སྦྲེལ་ཏེ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་གཏོད་པའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཁྲོད་ཕན་ཚུན་རྒྱབ་སྐྱོར། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལྟ་སྐྱོང་དང་སྐྱིད་སྡུག་མཉམ་མྱོང་བཅས་བྱས་ནས“བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་འབྲེལ་བ་བཙུགས་ཡོད། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་ཚོའི་ཐུན་མོང་གི་འདུན་པ་རྒྱུན་འཛིན་བྱེད་པ་དང་། སྔོན་ཆད་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླར་གུས་བཀུར་ཞུ་བ། རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་མཛའ་གྲོགས་དར་སྤེལ་གཏོང་བ་བཅས་ཡིན་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་མཐུན་སྒྲིལ་བྱེད་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་པའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་རང་སོ་སོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་དགོས་མཁོ་དང་འཚམ་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཡང་འཚམ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལོ་རྒྱུས་ཀྱི་ལྡོག་མེད་དང་། འཐབ་ཇུས་ཀྱི་དོན་སྙིང་། དངོས་ཡོད་ཀྱི་བླང་བྱ། རྒྱལ་སྤྱིའི་འགན་འཁྲི་བཅས་ཤེས་རྟོགས་གང་ལེགས་བྱས་ཏེ་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་དེ་བས་ཆེ་བ་དང་། བདེ་འཇགས་མཉམ་ལས་དེ་བས་ཏན་ཏིག དངོས་སྒྲུབ་མཉམ་ལས་དེ་བས་ཟབ་པ། དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་དེ་བས་ཟབ་པ། འགལ་ཟླར་དོ་དམ་ཚོད་འཛིན་དང་ཐག་གཅོད་དེ་བས་ལེགས་པ་བཅས་ཀྱི་དམིགས་ཚད་ཆེན་པོ་དྲུག་ལ་དམིགས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་འཐོབ་པར་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།
     གཅིག ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱིས་སྟབས་བསྟུན་གྱི་བྱེད་ཐབས་མུ་མཐུད་སྤྱད་དེ་འཐབ་ཇུས་ཀྱི་འབྲེལ་མཐུད་ཟབ་མོ་རྒྱུན་འཁྱོངས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཉམ་དུ་མཐོ་རུ་གཏོང་བ་བཅས་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས།
     གཉིས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་ནི་གུང་ཁྲན་ཏང་གིས་འགོ་འཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། ཆབ་སྲིད་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་དང་འོས་འགན་རེད། ཕྱོགས་གཉིས་པོས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། སྒོ་དབྱེ་དང་གཉིས་ཁེ་མཐའ་འཁྱོངས། ཕྱི་ཕྱོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་ལྐོག་གཡོར་མཉམ་དུ་འགོག་ཟོན་བཅས་བྱས་ཏེ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
     གསུམ། གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཁེ་ཕན་གྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཕྱོགས་གཉིས་པོས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་འཁོར་གཅིག”གི་འཐབ་ཇུས་འབྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་རྩ་གནད་དོན་འཁྱོལ་ཡག་པོ། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཝེ་ཐེ་ནམ་གྱི་ཞིང་ཞོར་ཐོན་རྫས་སྤུས་ལེགས་ཀྲུང་གོར་ནང་འདྲེན་བྱེད་ཚད་མང་དུ་གཏོང་དགོས། གྲངས་འཛིན་དཔལ་འབྱོར་དང་འབྱུང་འཕྲོད་འཕེལ་རྒྱས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་འཕར་གནས་གསར་པ་རྒྱ་ཆེར་གཏོང་དགོས།
     བཞི། དམངས་འདོད་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་དམངས་ཁྲོད་མཛའ་གྲོགས་བརྟན་དུ་གཏོང་བ་བརྒྱུད་རིམ་ལྡན་པའི་འདུ་འགོད་ལ་བརྩིས་ནས་དམ་འཛིན་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བ། རིག་གནས་དང་། ཡུལ་སྐོར། ས་གནས་མཉམ་ལས་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱོད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་གཞོན་ནུའི་དབར་གྱི་འགྲོ་འོང་ལ་སྦྲེལ་ཟམ་དེ་བས་མང་བ་བསྐྲུན་ཏེ་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས།
     ལྔ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བརྟན་ལྷིང་གི་སྔོན་དཔག་ཆེ་རུ་གཏོང་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་ནི་ལྷོ་རྒྱ་མཚོའི་ངོགས་ཀྱི་རྒྱལ་ཁབ་གལ་ཆེན་ཡིན་པས། ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་བའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་ལ་ཐུན་མོང་གི་འགན་འཁྲིའང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོས་དང་ལེན་ཐུབ་པའི་མཚོ་ཐོག་གནད་དོན་ཡུན་རིང་ཐག་གཅོད་བྱེད་ཐབས་བཙལ་ཏེ། ཕྱོགས་ཁག་དབར་སྔ་ཙམ་ངོ་བོའི་རང་བཞིན་ལྡན་པའི“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི”ནུས་ལྡན་འཇོག་པར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།