འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནས་འདི་དག་ལ་སྒོ་འཛིན་ཉོ་མི་དགོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་13ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནས་འདི་དག་ལ་སྒོ་འཛིན་ཉོ་མི་དགོས།
   ཕྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་དུས་འདིར། ཁྱེད་ལ་ཡུལ་སྐོར་འགྲོ་རྒྱུའི་བཀོད་སྒྲིག་ཡོད་དམ། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་དང་། ཀན་སུའུ། སི་ཁྲོན། ཧོ་ནན་སོགས་མཛེས་ལྗོངས་ཁུལ་མང་པོར་རིན་པ་མི་དགོས་པའི་བྱེད་སྒོ་སྤེལ་གྱི་ཡོད།  
   བོད་ལྗོངས་ལྷ་ས། 
   2023ལོའི་ཟླ་11ཚེས་1ཉིན་ནས་2024ལོའི་ཟླ་3ཚེས་15ཉིན་བར་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་གྱིས་རེས་སྐོར་དྲུག་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོའི་སྲིད་ཇུས་ལག་བསྟར་བྱས་ཡོད། དེའི་རིང་ཕོ་བྲང་པོ་ཏ་ལར་སྒོ་འཛིན་ཉོ་མི་དགོས་པར་ལྟ་སྐོར་བྱེད་ཆོག 
   ཀན་སུའུ་ཏུན་ཧོང་། 
   ཕྱི་ལོའི་ལོ་གསར་(2023ལོའི་ཟླ་12ཚེས་30ཉིན་ནས་2024ལོའི་ཟླ་1ཚེས་1ཉིན་བར)དང་། དཔྱིད་གསར་དུས་ཆེན(2024ལོའི་ཟླ་2ཚེས་10ཉིན་ནས་ཚེས་17ཉིན་བར)དང་པོའི་བཅོ་ལྔའི་དུས་ཆེན་(2024ལོའི་ཟླ་2ཚེས་24ཉིན་བར)བཅས་ལ་མིང་ཧྲ་རི་བོ་·ཡུའེ་ཡ་ཆོན། ཡུས་མོན་ཀོན། ཏུན་ཧོང་ཡ་ཏན་འཛམ་གླིང་ས་གཤིས་སྤྱི་གླིང་མཛེས་ལྗོངས་ཁུལ་བཅས་ལ་སྒོ་འཛིན་ཉོ་མི་དགོས། 
   སི་ཁྲོན་གྱི“ཁུལ་གསུམ་དང་གྲོང་ཁྱེར་གཅིག” 
   2024ལོའི་ཟླ་3པའི་ཟླ་མཇུག་གོང་། སི་ཁྲོན་ཞིང་ཆེན་རྔ་པ་དང་། དཀར་མཛེས། ལེའང་ཧྲན། ཕན་ཀྲི་ཧྭ་བཅས“ཁུལ་གསུམ་དང་གྲོང་ཁྱེར་གཅིག”གི་རྒྱལ་ཁབ་ལ་དབང་བའི་A4རིམ་པ་དང་དེའི་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ “གཅིག་ཉོས་ན་གཅིག་སྤྲོད་རྒྱུ”དང་རྒྱལ་ཁབ་ལ་དབང་བའི་A4རིམ་པ་མན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་གདལ་གཏོང་རྒྱུ་རེད། 
   ཧོ་ནན་ལུའོ་དབྱང་། 
   2023ལོའི་ཟླ་7ཚེས་18ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར། ལུའོ་དབྱང་གྲོང་ཁྱེར་གྱིས“གནམ་གྲུར་བསྡད་ན་ལུའོ་དབྱང་དུ་ཡུལ་སྐོར་བྱེད་པའི་སྒོ་འཛིན་མི་དགོས་པའི”བྱེད་སྒོ་སྤེལ་ནས། ལུའོ་དབྱང་གནམ་ཐང་དུ་འབྱོར་བའི་འགྲུལ་པ་ལུའོ་དབྱང་དུ་འབྱོར་རྗེས་ཀྱི་ཉིན་10ཡི་ནང་གནམ་གྲུར་བསྡད་པའི་སྤ་སེར་བརྟེན་གྲོང་ཁྱེར་དེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་70ཡི་སྒོ་འཛིན་ཉོ་མི་དགོས། 
   ཨན་ཧུའེ་ཧོང་ཧྲན། 
   ད་ལོའི་ཟླ་11པ་དང་ཟླ་12པར་གཟའ་འཁོར་རེའི་གཟའ་ལྷག་པའི་ཉིན་ནི“ཧོང་ཧྲན་གྲོང་ཁྱེར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་མི་དགོས་པའི་སྒོ་འབྱེད་ཉིན་མོ”ཡིན་པ་དང་། ཁྱོན་ཉིན་9རེད། ཟླ་11ཚེས་1ཉིན་དང་། ཚེས་8ཉིན། ཚེས་15ཉིན། ཚེས་22ཉིན། ཚེས་29ཉིན་། ཟླ་12ཚེས་6ཉིན། ཚེས་13ཉིན། ཚེས་20ཉིན། ཚེས་27ཉིན་བཅས་རེད། སྒོ་འབྱེད་ཉིན་མོར་སྔོན་མངགས་བྱེད་མཁན་ཚོས་གྲོང་ཁྱེར་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་དུ་སྒོ་འཛིན་ཉོ་མི་དགོས།