༄༅།།ཀྲུང་གོ་དང་རྒྱལ་ཁབ་འདིའི་བར་ཟླ་12ཚེས་4ནས་ལག་བསྟར་གྱི་མིང་རྟགས་བཀོད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 12ཚེས་12ཉིན། 13:37】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2017ལོའི་ཟླ་11པར། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འགག་སྒོ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགག་སྒོ་སྤྱི་ཁྱབ་ཁང་དང་། ཨོ་སི་ཁྲུ་ལི་ཡའི་གནས་སྤོས་ཡུལ་མི་དང་མཐའ་མཚམས་སྲུང་སྐྱོབ་ཁང་དང་དེ་བཞིན་མཐའ་མཚམས་ཁྲིམས་འཛིན་ཁང་བར་ཀྲུང་གོའི་འགག་སྒོའི་ཁེ་ལས་ཀྱི་ཡིད་རྟོན་དོ་དམ་ལམ་ལུགས་དང་ཨོ་སི་ཁྲུ་ལི་ཡའི་ཡིད་རྟོན་ཚོང་དོན་ཚོང་པའི་འཆར་གཞི་ཕན་ཚུན་ཁས་ལེན་སྐོར་གྱི་བཀོད་སྒྲིག》ལག་བསྟར་བྱ་རྒྱུའི་མིང་རྟགས་དངོས་སུ་བཀོད་པ་དང་། 2023ལོའི་ཟླ་12ཚེས་14ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱ་རེད།
ཕན་ཚུན་དངོས་སུ་ཁས་ལེན་རེས་བྱས་རྗེས། ཀྲུང་ཨོ་ཕྱོགས་གཉིས་པོས་ཕན་ཚུན་ཁས་ལེན་བྱས་པའི་“དཔང་རྟགས་ཁས་ལེན་བྱས་པའི་གཉེར་སྐྱོང་བ་”(Authorized Economic Operatorབསྡུས་མིང་ལ་AEOཟེར་)བས་ཕར་ཕྱོགས་AEOནས་ནང་འདྲེན་བྱས་པའི་ཁེ་ལས་ཀྱི་དངོས་ཟོག་ལ་འགག་སྒྲོལ་གྱི་སྟབས་བདེ་བསྐྲུན་ཡོད།
ཕན་ཚུན་བར་AEOཁེ་ལས་ལ་གཤམ་གྱི་འགག་སྒོ་སྒྲོལ་སྐབས་སྟབས་བདེ་སྐྲུན་པའི་བྱ་ཐབས་སྤྱོད་རྒྱུ་སྟེ། འཛིན་ཡིག་ཞིབ་བཤེར་དང་ཟོག་དངོས་ཞིབ་བཤེར་བྱེད་གྲངས་ཉུང་དུ་བཏང་ནས་འགག་སྒྲོལ་མགྱོགས་སུ་གཏོང་རྒྱུ་དང་། ཚོང་ཟོག་དངོས་སུ་ཞིབ་བཤེར་དགོས་རིགས་དམིགས་སུ་བཀར་ནས་སྔོན་ལ་ཞིབ་བཤེར་བྱ་རྒྱུ། ཉེན་ཁ་དཔྱད་དཔོག་བྱེད་སྐབས་AEOཡི་ཁེ་ལས་ཀྱི་ཐོབ་ཐང་ལ་བསམ་གཞིག་བྱེད་དགོས་པ། འགག་སྒོའི་འབྲེལ་གཏུག་པ་དམིགས་འཛུགས་བྱས་ནས་AEOཡི་ཁེ་ལས་ལ་འགག་སྒྲོལ་དུ་འཕྲད་པའི་གནད་དོན་འབྲེལ་མཐུད་དང་ཐག་གཅོད་བྱ་རྒྱུའི་འགན་འཁུར་བ། རྒྱལ་སྤྱིའི་ཉོ་འཚོང་བར་མཚམས་ཆད་པ་དང་སླར་གསོ་བྱས་རྗེས་མགྱོགས་མྱུར་འགག་སྒོ་སྒྲོལ་ཐབས་བྱེད་དགོས་པ་བཅས་རེད།
