འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རླངས་འཁོར་གྱི་རིན་གོང་གཅོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་12ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་12ཚེས་11ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར ། ཟླ་11པར་རང་རྒྱལ་དུ་ཟླ་རེའི་རླངས་འཁོར་ཐོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཟླ་རེར་ཐོན་སྐྱེད་བྱེད་ཚད་ཐེངས་དང་པོར་གཉིས་ཀ་ཁྲི་100ལས་བརྒལ་བ་དང་། རླངས་འཁོར་ཁྲོམ་ར་སྤྱིའི་ཆ་ནས་འཕར་སྣོན་བྱུང་བའི་རྣམ་པ་ཐོན་ཡོད།
   གཞི་གྲངས་གསར་ཤོས་ལས་མངོན་གསལ། 2023ལོའི་ཟླ་11པར། རང་རྒྱལ་གྱི་རླངས་འཁོར་ཐོན་འཚོང་བྱེད་ཚད་སོ་སོར་ཁྲི་309.3དང་ཁྲི་297ཟིན་པ་དང་། དུས་མཚུངས་ལས་སོ་སོར་29.4%དང་27.4%འཕར་ནས། ཟླ་གོང་མའི་དུས་མཚུངས་དང་བསྡུར་ན་སོ་སོར་7%དང་4.1%འཕར་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་འཚོང་བྱེད་ཚད་སོ་སོར་ཁྲི་107.4དང་ཁྲི་102.6ཟིན་པ་དང་། དེ་དུས་མཚུངས་དང་ཟླ་གོང་མའི་དུས་མཚུངས་དང་བསྡུར་ཚེ། འཕར་སྣོན་རྒྱུན་འཛིན་ཐུབ་ནས། ཁྲོམ་རའི་བཟུང་ཚད་34.5%ཟིན་ཡོད་པ་རེད།
   ཟླ་12པའི་ཚུན་ལ་རྒྱལ་ནང་དུ་རླངས་འཁོར་ཁེ་ལས་15ཡིས་རིན་གོང་གཅོག་རྒྱུའམ་ཡང་ན་གཟིགས་སྐྱོང་བྲིན་ཚོང་བྱེད་ཐབས་སྣ་ཚོགས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས། ལོ་མཇུག་བར་རླངས་འཁོར་ཁྲོམ་རར་“ནང་འགྲན”ཡང་སྔར་བས་ཤུགས་ཆེ་རུ་འགྲོ་ངེས། ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་འདོད་ཚུལ་ལྟར་ན། རྒྱབ་ལྗོངས་དེའི་འོག་སྔོན་དཔག་བྱས་ན། ཟླ་12པར་རླངས་འཁོར་ཁྲོམ་ར་མུ་མཐུད་ལེགས་སུ་འགྲོ་རྒྱུ་དང་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་མཇུག་འཕར་ངེས་ཡིན་ལ། དུས་མཚུངས་སུ། ལས་རིགས་ཀྱིས་ཀྱང་ཚུལ་མཐུན་འགྲན་རྩོད་ལ་དོ་སྣང་བྱེད་དགོས།
   གཞན་ཡང་། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་སྔོན་དཔག་གསར་ཤོས་བྱས་པར་གཞིགས་ན། 2024ལོར། རང་རྒྱལ་གྱི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་བསྡོམས་འབོར་ཁྲི་3100ཙམ་ཟིན་ངེས་ཡིན་ལ། དུས་མཚུངས་ལས་3%འཕར་རྒྱུ་རེད། ནུས་རྒྱུ་གསར་པའི་རླངས་འཁོར་སྔོན་དཔག་བསྡོམས་འབོར་ཁྲི་1150ཟིན་རྒྱུ་དང་། དུས་མཚུངས་ལས་20%ཙམ་འཕར་རྒྱུ་དང་། སྔོན་དཔག་བྱས་ན་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་550ཟིན་པས། དུས་མཚུངས་ལས་10%ལྷག་འཕར་རྒྱུ་རེད།