འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་ཕྱི་འབྲེལ་པུའི་མགྲིན་ཚབ་པས་འབྲེལ་ཡོད་བཀོད་སྒྲིག་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་09ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་12ཚེས་12དང་13ཉིན་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་གི་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་12ཚེས་12དང་13ཉིན་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་གི་ཡོད། ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་ད་ཐེངས་ཀྱི་འཚམས་འདྲིའི་འབྲེལ་ཡོད་བཀོད་སྒྲིག་ངོ་སྤྲོད་བྱས་པ་རེད།
     དབང་ཝུན་པིན་གྱིས་ཀྲུང་གོ་དང་ཝེ་ཐེ་ནམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རེད། ན་ནིང་ལོ་མཇུག་ཏུ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་འཚམས་འདྲིར་གདན་དྲངས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་མཉམ་དུ་འཆར་གཞི་བཏིངས་གནང་བ་རེད། འདི་ལོ་ནས་བཟུང་། ཕྱོགས་གཉིས་པོའི་མཐོ་རིམ་དབར་སྤེལ་རེས་ཡང་ཡང་དང་། སྡེ་ཚན་ཁག་དང་ས་གནས་ཁག་དབར་འགྲོ་འོང་དམ་ཟབ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་བཏང་བ་བཅས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་དངོས་བཏོད་ཡོད་ཅེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས། མིག་སྔར་འཛམ་གླིང་ཡོ་ལངས་དང་འགྱུར་ལྡོག་གི་དུས་སྐབས་གསར་པར་གནས་པས་བརྟན་པོ་མེད་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ཀ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་གཉིས་ཀས་རང་སོ་སོའི་རྒྱལ་བབ་དང་མཐུན་པའི་སྒྱུར་བཅོས་དང་གསར་བརྗེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་མཛའ་གྲོགས་ལ་ཤུགས་སྣོན་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་དར་རྒྱས་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་ཅེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས་ད་ཐེངས་འཚམས་འདྲི་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་སོ་སོར་གྲོས་མོལ་གནང་བ་དང་། ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་སྟེ། ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ངེས་གནས་གསར་པ་འཚོལ་ཞིབ་དང་མཐོ་རུ་གཏོང་བ་དང་། ཆབ་སྲིད་དང་། བདེ་འཇགས། དངོས་སྒྲུབ་མཉམ་ལས། དམངས་འདོད་རྨང་གཞི། ཕྱོགས་མང་། མཚོ་ཐོག་གནད་དོན་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་གི་ཡོད་པ་དེས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རང་རང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་དུ་ཡག་པོ་སྐྱོད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་ཐུན་མོང་ཐོག་ཕུན་སུམ་ཚོགས་སུ་གཏོང་བར་ཕན་པ་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཡག་པོ་སྐྲུན་གྱི་རེད་ཅེས་བརྗོད་པ་རེད།
     (ལྷག་ཚེས་བསྒྱུར། མཚམས་གཅོད་ཀྱིས་ཞུས)