འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉིན་30རིང་ཕན་ཚུན་བར་ལག་ཁྱེར་འདི་མི་དགོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་08ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་12ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས། ཀྲུང་གོར་འཚམས་འདྲིར་ཡོང་བའི་སིང་ཀ་ཕོར་གྱི་དཔོན་རིགས་ཤིག་གིས་བཤད་པ་ལྟར་ན། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་ཉིན་30རིང་ཕན་ཚུན་འཐུས་མཆན་འགོད་པའི་འགྲོ་ལུགས་སྒྲུབ་མི་དགོས་པའི་བཀོད་སྒྲིག་བྱ་རྒྱུ་རེད། མགྲིན་ཚབ་པས་ཆ་འཕྲིན་དེ་བས་མང་བ་བཤད་ཐུབ་བམ་ཞེས་དྲིས། 
     ཝང་ཝུན་པིན་གྱིས། ཀྲུང་གོ་དང་སིང་ཀ་ཕོར་གྱིས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྔར་ལས་ཤུགས་བརྒྱབ་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་སྤྱིར་བཏང་གི་ལམ་ཡིག་འཛིན་མཁན་གྱི་འཐུས་མཆན་འགོད་མི་དགོས་པར་འཐད་པ་བྱུང་ཡོད། མིག་སྔར། རྒྱལ་ཁབ་གཉིས་ཀྱི་གཙོ་གཉེར་སྡེ་ཁག་གིས་དོན་དག་ཞིབ་ཕྲ་ལ་འབྲེལ་འདྲིས་དམ་ཟབ་བྱེད་བཞིན་ཡོད། ཀྲུང་གོ་དང་སིང་ཀ་ཕོར་བར་ཕྱོགས་ཡོངས་ནས་ཕན་ཚུན་འཐུས་མཆན་འགོད་མི་དགོས་པ་མངོན་འགྱུར་བྱུང་ན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཚོན་ན་དོན་བཟང་ཆེན་པོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀས་ཐུན་མོང་ཐོག་འབྲེལ་ཡོད་བཀོད་སྒྲིག་སྔ་ཙམ་དོན་ཐོག་ཏུ་འཁྱོལ་བ་དང་ནུས་པ་ཐོན་པར་རེ་སྒུག་བྱས་ཡོད་ཅེས་བཤད།