འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ལཱ་ཆའོ་ལི་ནཱ་ཡིས་མ་ཏ་ཀ་སི་ཁར་གྱི་ཙུང་ཐུང་གི་འགན་བསྟུད་མར་བཞེས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་08ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏེ་ལི·ཉི་ལི་ནཱ·ལཱ་ཆའོ་ལི་ནཱ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་ཁོང་གིས་མ་ཏ་ཀ་སི་ཁར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བསྟུད་མར་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་མ་ཏ་ཀ་སི་ཁར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོ་ཐུན་མོང་གི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གང་མགྱོགས་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ངས་ཀྲུང་གོ་དང་མ་ཏ་ཀ་སི་ཁར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་ལཱ་ཆའོ་ལི་ནཱ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་མ་ཏ་ཀ་སི་ཁར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་གྱི་ཡིན་ཞེས་གསུངས་པ་རེད།