འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནས་རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་08ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། ཡུན་ནན་ཞིང་ཆེན་མོ་ཧན་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་4ཚེས་13ཉིན་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་ཚུགས་ཤིང་། ཟླ་12ཚེས་5ཉིན་བར་མོ་ཧན་འགག་སྒོ་ནས་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཁྱོན་གཏོང་ཐེངས་474ལ་ཞིབ་བཤེར་བྱས་ནས་རྒྱལ་ཁབ་དང་ས་ཁུལ་75ནས་ཡོང་བའི་རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་10ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་བཏང་ཞིང་། དེའི་ཁྲོད་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡུལ་སྐོར་བ་མི་ཐེངས་14900ཙམ་རྒྱལ་མཚམས་ནས་འཛུལ་གྲོལ་བྱས་པ་དེས་སྤྱིའི་མི་གྲངས་ཀྱི་14.9%ཟིན་ཡོད།
   ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཐུབ་རྗེས་འགྲུལ་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅིང་། མིག་སྔར་ཁུན་མིང་འབབ་ཚུགས་ལྷོ་མ་ནས་ལོ་སིའི་ཝན་ཐེན་འབབ་ཚུགས་ཀྱི་ལམ་ཐག་ཧྲིལ་པོར་ཆུ་ཚོད་9དང་སྐར་མ་26འགོར་གྱི་ཡོད། “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་དུ་སྡོད་མཁན་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མི་སྣའི་ཁྲོད་མང་ཆེ་བ་ནི་ཀྲུང་གོར་ཡུལ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་མཁན་རེད” ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནས་ཀྲུང་གོར་ཡོང་བའི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡུལ་སྐོར་ཚོགས་པ་རིམ་གྱིས་མང་དུ་ཕྱིན་ཡོད་ཅེས་མོ་ཧན་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལྕགས་ལམ་འགག་སྒོའི་ལས་སྒྲུབ་ཆེད་ཚན་གྱི་འགན་འཁུར་བ་ལི་པིང་གིས་བརྗོད།