འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུའུ་ཨའེ་ལིང་གིས་2024ལོའི་ཅང་ཡོན་ཏའོ་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་ཕོ་
ཉའི་འགན་འཁུར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་08ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་གཞུང་ཕྱོགས་དྲ་བའི་ཐོག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་ལེན་མཁན་ཀུའུ་ཨའེ་ལིང་2024ལོའི་ཅང་ཡོན་ཏའོ་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གོ་ལ་ཧྲིལ་པོའི་ཕོ་ཉར་བསྐོ་བཞག་བྱེད་པའི་ཁྱབ་བསྒྲགས་བྱས་པ་རེད།
   རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་བརྗོད་དོན། ཀུའུ་ཨའེ་ལིང་གིས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་2020ལོའི་བློ་སང་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་2དང་དངུལ་གྱི་རྟགས་མ་1བླངས་པས་མི་སེམས་ལ་སྐུལ་མ་ཟབ་མོ་ཐེབས་པའི་མིག་དཔེ་ཞིག་ཏུ་གྱུར་ཡོད། ཀུའུ་ཨའེ་ལིང་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྐབས་གསར་པའི་གོ་ལ་ཧྲིལ་པོའི་ཕོ་ཉར་འདེམས་དོན་ནི་ཁོང་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་བར་གྱི་བརྒྱུད་རིམ་ལས་ཅང་ཡོན་ཏའོ་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཚོར་ལྕག་སྐུལ་ཐེབས་པའི་རེ་བ་བྱེད་ཀྱི་ཡོད།
   ཅང་ཡོན་ཏའོ་དགུན་དུས་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་2024ལོའི་ཟླ་1ཚེས་19ཉིན་ནས་ཟླ་2ཚེས་1ཉིན་བར་ཧན་གོར་གཉེར་རྒྱུ་དང་། འགྲན་བསྡུར་ལ་2018ལོའི་ཕིང་ཁྲང་དགུན་དུས་ཨའོ་རྩལ་འགྲན་ཚོགས་སུ་སྤྱད་པའི་སྒྲིག་ཆས་ཁག་གཅིག་སྤྱོད་རྒྱུ་ཡིན་པ་རེད།