འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བཀག་སྡོམ་འདི་མེད་པར་བཟོ་དགོས་པའི་སྐུལ་མ་བཏང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་07ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་6ཉིན། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་དབྱིན་ཇིའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་པའི་གནད་དོན་སྐོར་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
     གསར་འགོད་པས།  ཟླ་12ཚེས་6ཉིན། དབྱིན་ཇིའི་སྲིད་གཞུང་གིས“ཨུ་རུ་སུར་དམག་འཁྲུག་མཚོན་ཆ་རྒྱབ་སྐྱོར་བྱས་པར”ཁ་གཡར་ནས་རྒྱལ་ཁབ་མང་པོའི་དངོས་གཞི་དང་མི་སྒེར་46ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཀྲུང་གོའི་ཁེ་ལས་3ཚུད་ཡོད། ཀྲུང་གོ་ཕྱོགས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས། ང་ཚོས་དབྱིན་ཇི་ཕྱོགས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བ་དང་། ཕྱོགས་གཅིག་ནས་བཀག་སྡོམ་གང་བྱུང་དུ་བྱེད་པ། ཀྲུང་གོའི་ཁེ་ལས་ཀྱི་ཚུལ་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། དབྱིན་ཇིའི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་ཡོད་ཅེས་བཤད།
     གཞུང་ཚབ་ཁང་གི་མགྲིན་ཚབ་པས། ང་ཚོས་དབྱིན་ཇིའི་སྲིད་གཞུང་ལ་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ནས། ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་པ་ཕྱིར་འཐེན་བྱ་དགོས་པའི་སྐུལ་མ་བཏང་བ་ཡིན། ཀྲུང་གོའི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན། ང་ཚོས་དབྱིན་ཇི་ཕྱོགས་ལ་ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གང་ཞིག་ཡིན་རུང་ཚང་མར་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་མཐའ་གཅིག་ཏུ་སློག་རྒྱུ་ཡིན་ཞེས་ནན་བཤད་བྱས།