འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོཊ་ལ་དོན་འདི་ཁས་ལེན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་07ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་ཚེས་6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་གི་འཕྲལ་བསྟུན་ཐེབས་རྩའི་རིམ་པ་མཐོ་བའི་ཞལ་འདེབས་ཁས་ལེན་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་ཐེབས་རྩ་དེར་མུ་མཐུད་ཞལ་འདེབས་འབུལ་རྒྱུའི་ཁས་ལེན་བྱས་པ་རེད། 
     ཏའེ་པིང་གིས། ཉེ་ལམ། རྒྱལ་སྤྱིའི་སྤྱི་ཚོགས་ལ་གདོང་གཏུག་དང་། གནོད་འཚེ། རིམས་ནད་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད་པ་དང་། གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་མྱུར་དུ་ཆེ་རུ་ཕྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་དབྱང་གི་བབ་བསྟུན་ཐེབས་རྩས་མ་དངུལ་གང་ལ་གང་འཚམ་གྱིས་གཏོང་སྤྲོད་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་པས། རྟག་ཏུ་རོགས་སྐྱོར་ཁག་དང་པོའི་འབྱུང་ཁུངས་གལ་ཆེན་དུ་གྱུར་ཏེ། དཀའ་ངལ་གྱི་གནས་སུ་གྱར་བའི་མི་རྣམས་ལ་དུས་ཐོག་དང་ཕན་ནུས་ལྡན་པའི་ཛ་དྲག་གི་རོགས་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།  
     ཏའེ་པིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་ལས་དོན་ལ་མཐོང་ཆེན་པོར་བྱེད་པ་དང་། དེའི་ནང་ཧུར་ཐག་ཞུགས་པ་དང་རྒྱལ་སྤྱིའི་མི་ཆོས་རོགས་སྐྱོབ་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་ནུས་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རང་བྱུང་གནོད་འཚེ་སོགས་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་གིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་གི་འཕྲལ་བསྟུན་ཐེབས་རྩས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་མ་ཟད། རང་ནུས་གང་ལྕོགས་ཀྱིས་ཐེབས་རྩར་རང་མོས་ངང་ཞལ་འདེབས་འབུལ་རྒྱུ་ཡིན། ཀྲུང་གོས་2007ལོ་ནས་བཟུང་། ལོ་རེར་ཐེབས་རྩ་དེར་རང་མོས་ངང་ཞལ་འདེབས་ཕུལ་བ་དང་ད་ལོའི་ཞལ་འདེབས་གཏོང་སྤྲོད་བྱས་ཟིན། ཀྲུང་གོ་ཕྱོགས་ཀྱིས་མ་འོངས་པར་མུ་མཐུད་དུ་ཐེབས་རྩ་འདི་ལ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བཤད།